ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

▶གྲངས་གཞིའི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་ཁྱད་ཆོས་ལ་བལྟ།

2024-03-19 11:04:00     责编:娜科

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་18ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། འདི་ལོའི་སྤྱི་ཟླ་དང་པོ་ནས་གཉིས་པའི་བར་དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོའི་འཁོར་རྒྱུག་གནས་ཚུལ་ནས་བལྟས་ན། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་མང་པོ་མངོན་ཡོད་ཅེས་ངོ་སྤྲོད་གནང་ཡོད།

 

 

ཐོན་ལས་ཐད་ནས་བལྟས་ན། བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་འཕར་སྣོན་བྱུང་བ་དང་འཛད་སྤྱོད་ཐོན་རྫས་ཀྱི་བཟོ་སྐྲུན་ལས་རིགས་དང་མཐོ་གསར་ལག་རྩལ་གྱི་བཟོ་སྐྲུན་ལས་རིགས་གཉིས་ཅུང་ཟད་འཕར་སྣོན་བྱུང་ཡོད། འཕར་སྣོན་འགྲོ་ཕྱོགས་ནས་བལྟས་ན། ལས་རིགས་བཅུ་ཆ་དགུ་ལས་བརྒལ་བ་དང་ཐོན་རྫས་བཅུ་ཆ་དྲུག་ལས་བརྒལ་བ་དུས་མཚུངས་ལས་འཕར་སྣོན་བྱུང་ཡོད། དགོས་མཁོའི་ཐོག་ནས་བལྟས་ན། ཁྲོམ་རའི་བྲིན་ཚོང་མུ་མཐུད་སླར་གསོ་བྱུང་བ་དང་རིམ་སྤོར་རིགས་ཀྱི་ཚོང་ཟོག་འཛད་སྤྱོད་བྱེད་ནུས་པའང་སྔར་བས་འདོན་སྤེལ་ཐུབ་ཡོད། སྤྱི་ཟླ་དང་པོ་ནས་གཉིས་པའི་བར། ཚད་བཀག་ཡོད་པའི་འཕྲིན་རྒྱུའི་ཡོ་ཆས་ཀྱི་རྒྱུ་ཆའི་རིགས་དང་ལུས་རྩལ་རོལ་རྩེད་ཀྱི་སྤྱོད་ཆས་གཉིས་ཀྱི་བྲིན་ཚོང་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

 

 

མ་འཇོག་ཐད་ནས་བལྟས་ན། མདུན་གྱི་ཟླ་བ་གཉིས་རིང་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་བརྒྱ་ཆ་9.4འཕར་ནས་བརྒྱ་ཆའི་གནས་2.9ཡིས་མགྱོགས་སུ་སོང་བ་དང་། མཐོ་གསར་ལག་རྩལ་ཐོན་ལས་ལ་མ་འཇོག་བྱེད་ཚད་དང་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་ཐད་མ་འཇོག་བྱེད་ཚད་གཉིས་ཀ་དུས་མཚུངས་ལས་བརྒྱ་ཆ་9.4དང་བརྒྱ་ཆ་15.1འཕར་ནས་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཡོད། ཞབས་ཞུའི་ལས་རིགས་ཀྱང་སླར་གསོ་གང་ལེགས་བྱུང་ཡོད། སྤྱི་ཟླ་དང་པོ་ནས་གཉིས་པའི་བར། ཞག་སྡོད་དང་བཟའ་འཐུང་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན། མཛོད་ཉར་དང་སྦྲགས་སྲིད་ལས་སྒོ་ཚང་མ་འཕར་སྣོན་ཅུང་མགྱོགས་ཙམ་བྱུང་ཡོད། ཞབས་ཞུའི་ལས་རིགས་ཀྱི་སྟོན་གྲངས་ཀྱང་ཟླ་བ་གཉིས་བསྟུད་མར་འཕར་སྣོན་བྱུང་ཡོད།

སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་མུ་མཐུད་སྐྱེད་བསྲིང་བྱས་ཡོད། མཐོ་གསར་ལག་རྩལ་ཐོན་ལས་གོང་འཕེལ་ཡག་པོ་བྱུང་བ་དང་། སྤྱི་ཟླ་དང་པོ་ནས་གཉིས་པའི་བར། གཞི་ཁྱོན་ཡན་གྱི་མཐོ་གསར་ལག་རྩལ་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས་བརྒྱ་ཆ་7.5འཕར་བ་དང་།  ཚོང་ཟོག་ངོ་མ་དྲ་ཐོག་ནས་སིལ་འཚོང་བྱས་པའི་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་14.4འཕར་ནས་ལོ་གོང་མ་ལས་བརྒྱ་ཆའི་གནས་6གིས་མཐོ་བ་བྱུང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ།

ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

▶གྲངས་གཞིའི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་ཁྱད་ཆོས་ལ་བལྟ།

སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་མུ་མཐུད་སྐྱེད་བསྲིང་བྱས་ཡོད། མཐོ་གསར་ལག་རྩལ་ཐོན་ལས་གོང་འཕེལ་ཡག་པོ་བྱུང་བ་དང་།