ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་དགུན་གྲོའི་དཔྱིད་དུས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་པ།

2024-03-13 14:46:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།དབྱར་འབྲུ་ནི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི་དུས་ཚིགས་དང་པོ་དེ་ཡིན། ད་ཆ། དབྱར་འབྲུའི་སྣ་རིགས་གཙོ་བོ་དགུན་གྲོ་དཔྱིད་དུས་ཀྱི་ཞིང་རའི་དོ་དམ་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་ཡོད། ད་ལོ། ཐོན་ཁུལ་གཙོ་བོའི་སྒྲིག་ཆས་གསར་པ་དང་། ལག་རྩལ་གསར་པ་གཙོ་གནད་ཐོག་ཁྱབ་གདལ་བཏང་ནས། ཞིང་ནང་གི་དོ་དམ་སྤུས་ཚད་མཐོ་རུ་བཏང་ཡོད།
ད་ལོ། རྒྱལ་ཡོངས་ཀྱི་དགུན་གྲོའི་གཞི་ཁྱོན་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད། མིག་སྔར། བྱང་ཕྱོགས་ཀྱི་དགུན་གྲོ་མང་ཆེ་བ་སྔོ་ལོག་ཐེབས་ཡོད་པ་དང་། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་རྐང་སྡོང་རྒྱས་པའི་སྒང་ཡིན་ཞིང་། ལྷོ་ནུབ་ས་ཁུལ་དེ་ཉིད་སྙེ་མ་འདོགས་པའི་དུས་ལ་སླེབས་ཡོད།
ཧུའུ་པེ་ཡི་མུའུ་ཁྲི་1570ཡི་དགུན་གྲོའི་སྐྱེ་འཚར་ལེགས་པོ་ཡོད་པ་དང་། མི་རིང་བའི་གོང་རེས་སྐོར་གཉིས་ཀྱི་དྲོད་ཚད་དམའ་བའི་གནམ་གཤིས་ལ་དམིགས་ནས། ས་གནས་དེ་གས་ཞིང་ལས་ལག་རྩལ་མི་སྣ་ཁྲི་གཅིག་དང་བཞི་སྟོང་སྒྲིག་འཛུགས་བྱས་ནས་ས་ཁོངས་དབྱེ་བ་དང་ལས་སྒྲུབ་བྱས་ཏེ། རིགས་དབྱེ་ནས་མྱུ་གུ་ལེགས་སྒྱུར་ཡོང་རྒྱུར་མཛུབ་ཁྲིད་བྱས་ཡོད།
ཅང་སུའུ་ཡི་མུའུ་ཁྲི་3590ཡི་དགུན་གྲོའི་གཞི་ཁྱོན་བརྟན་པོའི་ཁྲོད་འཕར་སྣོན་ཏོག་ཙམ་བྱུང་ཡོད། ད་ལོ། ས་གནས་དེ་གས་ཞིང་ནང་གི་རང་འགུལ་གནམ་གཤིས་ས་ཚིགས་2000བཙུགས་ཡོད་པ་དང་། གྲོ་ཞིང་གི་དོ་དམ་ལ་གནད་འཕིགས་ཀྱི་བྱ་ཐབས་བཟུང་རྒྱུ་མཁོ་འདོན་བྱས་ཡོད།
ཨན་ཧུའེ་ཡི་མུའུ་4300ཡི་དགུན་གྲོའི་སྐྱེ་འཚར་སྔ་ལོ་ལས་ལེགས་པ་ཡོད་པ་དང་། ས་གནས་དེ་གས་ཚན་རྩལ་ཆེད་མངགས་མི་སྣ་7000ཙམ་བཏང་ནས། སྤུས་ལེགས་ཆེད་སྤྱོད་ཀྱི་གྲོ་ཐོན་འཕར་མང་བའི་ལག་རྩལ་ཁྱབ་གདལ་བཏང་ཡོད།
ཧོ་ནན་རུ་མུའུ་8500ཡི་དགུན་གྲོ་ནད་འབུའི་གནོད་འཚེ་སྔོན་འགོག་བྱེད་པའི་འགག་རྩའི་དུས་ལ་སླེབས་ཡོད་པ་དང་། རྒྱལ་ཁབ་ཀྱི་གྲོའི་ཐོན་ལས་ལག་རྩལ་མ་ལག་གི་ཆེད་མཁས་པས་དུས་ཐོག་ཏུ་ཞིང་པར་བབ་བསྟུན་གྱི་མཛུབ་ཁྲིད་བྱས་ཡོད།
ཧྲན་ཏུང་ཡི་མུའུ་ཁྲི་6054ཡི་དགུན་གྲོའི་གཞི་ཁྱོན་ཆེ་ཞིང་། མྱུ་གུའི་སྐྱེ་འཚར་ལེགས་པོ་ཡོད། ས་གནས་དེ་གས་མི་ཁྲི་གྲོང་གསེབ་ཏུ་སྐྱོད་དུ་བཅུག་ནས་འབྲུ་རིགས་བརྟན་པོ་དང་མཁོ་སྤྲོད་བརྟན་པོ་ཡོང་བའི་ཞིང་ལས་ལག་རྩལ་ཞབས་ཞུའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད་པ་དང་། གཞི་ཁྱོན་ཆེ་བའི་ཐོན་འཕར་གཅིག་བསྡུས་ཀྱི་ལག་རྩལ་ཁྱབ་གདལ་བཏང་ཡོད།
ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་གྱི་བཀོད་གཏོང་གསར་ཤོས་ལས་མངོན་པར། ཟླ་3པའི་ཟླ་སྟོད་དུ་སྔོ་ལོག་གྲོའི་རིགས་དང་པོ་དང་རིགས་གཉིས་པའི་མྱུ་གུ་འབུད་ཚད་བརྒྱ་ཆ་88.2ཟིན་པ་དང་། ཉེ་བའི་ལོ་ལྔ་དང་བསྡུར་ན་ཆ་སྙོམས་བརྒྱ་ཆའི་གནས་1.8འཕར་ཡོད། ད་ལོ། ཞིང་ལས་དང་གྲོང་གསེབ་པུས་ཆུ་ལུད་ཀྱི་གནད་འཕིགས་སྙོམས་སྒྲིག་སོགས་གཙོ་གནད་ཐོག་ཁྱབ་གདལ་གཏོང་བའི་ལག་རྩལ་296ལེགས་འདེམས་བྱས་ནས་ཡོངས་བསྒྲགས་བྱས་ཡོད། མིག་སྔར། དགུན་གྲོའི་དཔྱིད་དུས་ཞིང་ནང་གི་དོ་དམ་འཕེལ་རིམ་བདེ་བླག་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རང་རྒྱལ་གྱི་དགུན་གྲོའི་དཔྱིད་དུས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།དབྱར་འབྲུ་ནི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི་དུས་ཚིགས་དང་པོ་དེ་ཡིན།