ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟླ་བ་དང་པོར་དངུལ་ཁང་མང་པོ་ཞིག་གིས་ཡིད་རྟོན་དངུལ་བུན་གཏོང་ཚད་མགྱོགས་སུ་བཏང་ནས་དཔལ་འབྱོར་ལ་རམ་འདེགས་བྱས་པ།

2024-02-27 17:23:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཚུན་དུ་དངུལ་རྩའི་ལས་རིགས་ཀྱིས་ཡིད་རྟོན་དངུལ་བུན་གཏོང་ཚད་མགྱོགས་སུ་བཏང་ཡོད་པས། དངུལ་ཁང་དམངས་གཉེར་ཁེ་ལས་དང་། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་མང་པོ་ཞིག་གིས་དངུལ་བུན་གཡར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པས། དཔལ་འབྱོར་ལ་རམ་འདེགས་བྱས་ཡོད། 
ལོ་འདི་ཤར་ཚུན། རྣམ་གྲངས་འབོར་ཆེན་ཞིག་ལས་འགོ་འཚུགས་པ་དང་། འཛད་སྤྱོད་རྒྱུན་མཐུད་འཁྲུག་ཏུ་ཕྱིན་པ། དཔྱིད་འདེབས་ཀྱི་གྲ་སྒྲིག་བྱེད་པ་བཅས་དང་བསྟུན་ནས། ཁྱབ་ཁོངས་མང་པོའི་མ་དངུལ་གྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད་པས། དངུལ་ཁང་གིས་དངུལ་བུན་གཏོང་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད། 
ཟླ་བ་དང་པོར། བཟོ་ཚོང་དངུལ་ཁང་གིས་ཀུང་སིའི་དངུལ་བུན་དང་། ཞིང་པ་དང་འབྲེལ་བ་ཡོད་པའི་དངུལ་བུན་མང་དུ་གཏོང་ཚད་ལོ་རྒྱུས་ཀྱི་དུས་མཚུངས་དང་བསྡུར་ན་མཐོ་ཤོས་ཡིན། ཞིང་ལས་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ཐད་གསར་དུ་གཏང་བའི་དངུལ་བུན་དེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཡོད། ཀྲུང་གོ་དངུལ་ཁང་གིས་བཟོ་སྐྲུན་ལས་རིགས་ཐད་དངུལ་བུན་མང་དུ་གཏོང་ཚད་དེ་ན་ནིང་དུས་མཚུངས་གི་ལྡབ་2.3ཡིན། འགྲིམ་འགྲུལ་དངུལ་ཁང་དང་། སྦྲགས་སྲིད་དངུལ་ཁང་གིས་ཀུན་ཕན་ཁེ་ལས་ཆུང་བར་དངུལ་བུན་མང་དུ་གཏོང་ཚད་དེ་ཉེ་བའི་ལོ་གསུམ་རིང་མཐོ་ཤོས་ཡིན་པ་རེད། 
དེ་དང་ཆབས་ཅིག སྲིད་ཇུས་ཀྱིས་སྔོན་ལ་ནུས་པ་བཏོན་ནས། དངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་དེ་བས་ལེགས་པ་སྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་ལས་དང་ཁེ་ལས་ཆུང་གྲས་ཀྱིས་སླར་ཡང་དངུལ་བུན་་གཡར་བའི་སྐྱེད་ཀ་དང་། བཅོལ་དངུལ་གྲབས་གསོག་མ་དངུལ་གྱི་ཚད་གཞི། དུས་བཀག་ལོ་ལྔའི་ཡན་གྱི་དངུལ་བུན་ཁྲོམ་རའི་གོང་ཚད་སྐྱེད་ཀ་སོགས་སྔ་རྗེས་སུ་དམའ་རུ་བཏང་ཡོད་པས། མ་དངུལ་བསྡུ་རུབ་ཀྱི་མ་རྩ་སྔར་བས་དམའ་རུ་ཕྱིན་ཡོད། 
དངུལ་རྩའི་ལྟ་སྐུལ་སྤྱི་ཁྱབ་ཅུད་ཀྱིས། འདི་ལོ་སྤུས་གསར་གྱི་ཐོན་སྐྱེད་ནུས་པའི་གོང་འཕེལ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་ཞབས་ཞུ་དེ་བས་ལེགས་པ་སྒྲུབ་པ་དང་། ནུས་ཡོད་ཀྱི་དགོས་མཁོ་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཀུན་ཕན་དངུལ་རྩའི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་དེ་བས་གནད་ལ་འཕིགས་པ་དང་ལས་ཕྱོད་མཐོ་བའི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཟླ་བ་དང་པོར་དངུལ་ཁང་མང་པོ་ཞིག་གིས་ཡིད་རྟོན་དངུལ་བུན་གཏོང་ཚད་མགྱོགས་སུ་བཏང་ནས་དཔལ་འབྱོར་ལ་རམ་འདེགས་བྱས་པ།

གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཚུན་དུ་དངུལ་རྩའི་ལས་རིགས་ཀྱིས་ཡིད་རྟོན་དངུལ་བུན་གཏོང་ཚད་མགྱོགས་སུ་བཏང་ཡོད་པས།