ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ།

2024-02-21 17:20:00     责编:娜科
 

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་2ཚེས་20ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ་2པའི་དངུལ་བུན་ཁྲོམ་རའི་གོང་ཚད་རྒྱག་པའི་སྐྱེད་ཚད་ཡོངས་བསྒྲགས་བྱས་ཡོད་པ་དང་། ལོ་5ཡན་གྱི་དངུལ་བུན་ཁྲོམ་རའི་གོང་ཚད་རྒྱག་པའི་སྐྱེད་ཚད་ནི་3.95%ཡིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གནས་0.25ཆག་ཡོད་ཅིང་། ལོ་རྒྱུས་ཀྱི་ཆག་ཚད་ཆེ་ཤོས་དེ་ཡིན་པས། དངུལ་བུན་དངོས་ཀྱི་སྐྱེད་ཀ་དམའ་རུ་འགྲོ་རྒྱུར་སྔར་བས་སྐུལ་ཁྲིད་ཐུབ་རྒྱུ་དང་། དངོས་ཚན་དཔལ་འབྱོར་གྱི་ནུས་ལྡན་དགོས་མཁོ་སྐུལ་སྤེལ་ཐུབ་རྒྱུ། དཔལ་འབྱོར་བསྐྱར་འཕར་ལེགས་ཕྱོགས་སུ་འགྲོ་རྒྱུ་བརྟན་དུ་གཏོང་རྒྱུ་བཅས་ཡིན་པ་རེད།

རང་རྒྱལ་གྱི་སྤྱི་ཚོགས་ཕྱོགས་བསྡུས་མ་རྩ་རུབ་བསྡུས་མ་གནས་ནུས་ལྡན་ངང་ཆག་པ་དང་དུས་མཚུངས། དངུལ་རྩའི་མ་ལག་གིས་དངོས་ཚན་དཔལ་འབྱོར་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ད་ལོའི་ཟླ་དང་པོར། རང་རྒྱལ་གྱི་སྤྱི་ཚོགས་མ་རྩ་རུབ་བསྡུས་གཞི་ཁྱོན་འཕར་གྲངས་སྒོར་དུང་ཕྱུར་ཁྲི་6.5ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད་པ་དང་། དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་5061གིས་མང་བ་ཡོད་པ་རེད། ད་ལོའི་ཟླ་དང་པོའི་ཟླ་མཇུག་བར། རང་རྒྱལ་གྱིས་དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ས་ཡ་2དང་4འབུམ3སྟོང་2བརྒྱ་ཟིན་ནས་དུས་མཚུངས་ལས་10.1%འཕར་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ།

རང་རྒྱལ་གྱིས་དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ས་ཡ་2དང་4འབུམ3སྟོང་2བརྒྱ་ཟིན་ནས་དུས་མཚུངས་ལས་10.1%འཕར་ཡོད་པ་རེད།