ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་ཆ་སྦར་མཐིལ་ཙམ་ལས་ཀྱང་ཐོན་འབབ་དེ་ལས་མང་བ་ཡོང་ཐབས་བྱེད་པ།

2024-02-21 17:19:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀུའོ་ཅིན་ཁའོ་ནི་སྐད་གྲགས་ཡོད་པའི་གྲོ་འདེབས་གསོའི་རིགས་གཅིག་མཁས་ཅན་ཞིག་རེད།  འཐུས་མིའི་འགན་སྒྲུབ་ནས་ལོ་གཅིག་རིང་།  ཁོང་གིས་ཞིང་ནང་དང་མུ་ཁའི་གསེབ་ཏུ་ཕེབས་ནས་སོན་གསར་ཁྱབ་གསལ་གཏོང་བ་དང་ཞིང་པས་ཚན་རིག་དང་མཐུན་པའི་ངང་ལོ་ཏོག་འདེབས་རྒྱུར་མཛུབ་སྟོན་གནང་ནས་འབྲུ་རིགས་ཀྱི་བདེ་འཇགས་ཆེད་འབད་བརྩོན་ལྷོད་མེད་གནང་ཡོད།   

ཉེ་ཆར།  ཧོ་པེ་ཧྲེ་ཅ་ཀྲོང་ཤིན་ཅིན་གྲོང་ཁྱེར་གྱི་གྲོ་སྔོ་ལོག་སྐྱེ་འཚར་དུས་ལ་སླེབས་ཡོད།  ཀུའོ་ཅིན་ཁའོ་ཡིས་ཚན་ཞིབ་ཚོགས་པ་ཁྲིད་ནས་ཞིང་ནང་དུ་བསྐྱོད་དེ་ས་རྒྱུའི་བཞའ་ཚད་དང་གྲོའི་སྐྱེ་ཚུལ་ལ་དངོས་སུ་ལྟ་ཞིབ་གནང་ཡོད། ཀུའོ་ཅིན་ཁའོ་མཐོང་དུས།  ཡུལ་མི་མི་ཉུང་བས་རང་འགུལ་ངང་ཁོང་ལ་འཚམས་འདྲི་ཞུ་བ་དང་སྦྲགས་ལོ་ཏོག་འདེབས་པའི་སྐོར་གྱི་གནད་དོན་བཀའ་འདྲི་ཞུས་ཡོད། 

རྐང་འོག་ཏུ་འདམ་རྫབ་ཀྱིས་ཁེངས་པ་དང་།  གཞི་རིམ་དུ་གཞི་ཚུགས་ནས་བརྟག་ཞིབ་བྱེད་པ།   ཞིང་པའི་བསམ་འདུན་ཉན་བཞིན་ཡོད།   དེ་ནི་ཀུའོ་ཅིན་ཁའོ་ཡི་འགན་སྒྲུབ་མྱོང་ཚོར་གལ་ཆེ་ཤོས་ཤིག་རེད།

ཧོ་པེ་ནི་འབྲུ་རིགས་ཐོན་ཁུལ་གྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པ་དང་།  ཆུ་གྲོན་ཆུང་གི་ཞིང་ལས་གོང་འཕེལ་གཏོང་རྒྱུ་ནི་ཧོ་པེའི་འབྲུ་རིགས་ཐོན་སྐྱེད་ཀྱི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་།  ཀུའོ་ཅིན་ཁའོ་ཡིས་ཚོགས་པའི་སྣེ་ཁྲིད་དེ་སྔ་རྗེས་སུ་ཐོན་བབ་མཐོ་བ་དང་།  ཆུ་གྲོན་ཆུང་ཆེ་བ།  གྲོའི་སྤུས་ཀ་ལེགས་པའི་སོན་བཟང་ཁག་༣༠ལྷག་ཙམ་གསོ་སྤེལ་གནང་ཡོད།

སྤྱི་ལོ་༢༠༢༣ལོའི་ཚོགས་འདུ་གཉིས་ཐོག་ཀུའོ་ཅིན་ཁའོ་ཡིས་སོན་བཟང་ཁྱབ་གདལ་དང་ཁ་གསབ་ལ་དམིགས་ནས་འབྲེལ་ཡོད་གྲོས་འགོ་བཏོན་ཡོད། འགན་འཁྲི་བསྒྲུབས་ནས་ལོ་གཅིག་སོང་རིང་།  ཀུའོ་ཅིན་ཁའོ་ཡིས་ཧོ་པེའི་གྲོ་ཐོན་ཁུལ་གཙོ་བོའི་གྲོང་ཁྱེར་ཚང་མར་ཕེབས་པ་མ་ཟད།  ད་དུང་ཧྲན་ཏུང་དང་།  ཧྲན་ཞི།  ཧོ་ནན་སོགས་སུ་གྲོ་སོན་གསར་པ་ཁྱབ་གདལ་གཏོང་བར་ཕེབས་ཡོད།

འོན་ཀྱང་ཐོན་འབབ་ནུས་ལྡན་ངང་མང་དུ་གཏོང་དགོས་ནསོན་བཟང་ཁོ་ན་ཡོད་ན་འགྲིག་གི་མེད། ཀུའོ་ཅིན་ཁའོ་ཡིས་བརྟག་ཞིབ་གནང་སྐབས་ས་ཆ་གཅིག་ནང་སོན་རྒྱུ་མི་འདྲ་བ་དང་ཞིང་ནང་གཡོག་བྱེད་བྱེད་སྟངས་མི་འདྲ་བ་ལས་མུའུ་རེའི་ཐོན་འབབ་༡༠%ཡན་གྱི་ཧེ་བག་ཐོན་སྲིད་པ་དང་།  འབྲུ་རིགས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་གཞི་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། འདི་ལོ་ཁོང་གིས་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་ནས་མི་དེ་བས་མང་བསཚན་རིག་དང་མཐུན་པའི་ངང་ཞིང་ཁ་འདེབས་པདང་། ཚན་རྩལ་ལ་བརྟེན་ནས་ཞིང་ཁ་འདེབས་པཤེས་སུ་བཅུག་སྟེ།  ཐོན་རྫས་གསར་པ་དང་།  ལག་རྩལ་གསར་པ། སྒྲིག་ཆས་གསར་པ།  ཞིང་པ་གསར་པ་བཅས་མཉམ་འདྲེས་ཐུབ་རྒྱུར་ཤུགས་དགོས་པའི་གྲོས་འགོ་བཏོན་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ས་ཆ་སྦར་མཐིལ་ཙམ་ལས་ཀྱང་ཐོན་འབབ་དེ་ལས་མང་བ་ཡོང་ཐབས་བྱེད་པ།

ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ། ཞིང་པ་གསར་པ་བཅས་མཉམ་འདྲེས་ཐུབ་རྒྱུར་ཤུགས་དགོས་པའི་གྲོས་འགོ་བཏོན་ཡོད།