ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲེ་ཅང་ཆུས་ཀྲོའུ་ཡིས་འབྲེལ་ཐག་བཞི་མཉམ་འདྲེས་ཐོག་ནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་བཏང་བ།

2024-02-21 17:18:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་གྱིས་གསར་གཏོད་འབྲེལ་ཐག་དང་།  ཐོན་ལས་འབྲེལ་ཐག  མ་དངུལ་འབྲེལ་ཐག  ཤེས་ལྡན་མི་སྣའི་འབྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཐོན་ལས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད།

དཔྱིད་གསར་དུས་ཆེན་ནས་བཟུང་། ཆུས་ཀྲོའུ་ཡི་རྒྱུ་ཆ་གསར་པའི་ཁེ་ལས་ཀྱི་དུས་ཐེངས་གཉིས་པའི་བཟོ་ཁང་ནུས་ཤུགས་ཡོད་རྒུས་སྐྲུན་བཞིན་ཡོད། ས་གནས་དེ་གའི་མ་དངུལ་དང་ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཐད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁེ་ལས་ཐོག་མར་བཙུགས་ནས་ལོ་གཉིས་ཙམ་སོང་རྗེས་ཞིབ་འཇུག་གསར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་ཡོད།

ཁེ་ལས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་གོང་འཕེལ་དོན་དུ་གཉེར་བ་དང་། སྤྱི་ལོ་༢༠༢༣ལོར་ཆུས་ཀྲོའུ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཀྲེ་ཅང་སློབ་ཆེན་ཆུས་ཀྲོའུ་ཞིབ་འཇུག་ཁང་སོགས་གསར་གཏོད་ལས་སྟེགས་༡༥བསྐྲུན་པ་དང་།  འབུམ་རམས་པའི་གསར་གཏོད་ས་ཚིགས་༡༨༨བཙུགས་པ། གསར་གཏོད་ལས་སྟེགས་ཀྱི་རིག་ནུས་སྒྲིག་ཆས་དང་རྒྱུ་ཆ་གསར་པ་སོགས་ཐོན་ལས་འབྲེལ་ཐག་ཆེན་པོ་དྲུག་ཚང་མར་ཁྱབ་པར་བྱས་པ་དང་།  ཁེ་ལས་༣༠༠ལྷག་ཙམ་ལ་འབྲེལ་ཡོད་ལག་རྩལ་གྱི་དཀའ་གནད་༥༠༠ལྷག་ཙམ་སེལ་རོགས་བྱས་ཡོད།

དེ་དང་ཆབས་ཅིག་ཆུས་ཀྲོའུ་ཡིས་སྣ་མང་ཅན་གྱི་མ་དངུལ་འབྲེལ་ཐག་གི་ཞབས་ཞུའི་མ་ལག་ཧུར་ཐག་བཏོད་དེ།  ཁེ་ལས་ཀྱི་མ་དངུལ་དགོས་མཁོ་ཐག་གཅོད་བྱས་པ་དང་འབྲེལ་ཁེ་ལས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཙུགས་པ་དང་།  ཐོན་ལས་འབྲེལ་ཐག་གོང་འཕེལ་གྱི་འབྲེལ་ཡོད་གནད་དོན་ལ་གསེད་བཀྲོལ་དང་དེ་ཐག་གཅོད་གཏིང་ཟབ་བྱས་པ། གསར་གཏོད་འབྲེལ་ཐག་དང་།  ཐོན་ལས་འབྲེལ་ཐག མ་དངུལ་འབྲེལ་ཐག ཤེས་ལྡན་མི་སྣའི་འབྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།

འདི་ལོ་ནས་བཟུང་།  ཆུས་ཀྲོའུ་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས་ཁག་༧༠ལ་གན་རྒྱ་བཞག་པ་དང་།  མ་དངུལ་བསྡོམས་ན་སྒོར་དུང་ཕྱུར་༩༢༤ལས་བརྒལ་ནས་ཐོན་ལས་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུ་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཀྲེ་ཅང་ཆུས་ཀྲོའུ་ཡིས་འབྲེལ་ཐག་བཞི་མཉམ་འདྲེས་ཐོག་ནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་བཏང་བ།

མ་དངུལ་བསྡོམས་ན་སྒོར་དུང་ཕྱུར་༩༢༤ལས་བརྒལ་ནས་ཐོན་ལས་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུ་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ཡོད་པ་རེད།