ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་རླངས་འཁོར་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་སུ་འགྱུར་རེ་ཡོད་པ་དང་། ཚོང་དོན་པུའུ་ཡིས་བྱ་ཐབས་སྣ་མང་བཟུང་ནས་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་བྱ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་པ།

2023-05-26 15:58:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་ནམ་དུས་དང་པོར། རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཐེངས་དང་པོར་ལྗར་པན་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་རླངས་འཁོར་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་པ་རེད། སྤྱི་ཚེས་༢༥ཉིན་ཚོང་དོན་པུས། མ་འོངས་པར་སྐྱེལ་འདྲེན་འགན་ལེན་དང་། དངུལ་རྩའི་ཞབས་ཞུ། ཕྱི་རྒྱལ་དུ་བྲིན་ཚོང་རྗེས་ཀྱི་ཞབས་ཞུ་སོགས་ནས་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་བྱ་རྒྱུར་བྱ་ཐབས་སྣ་མང་བཟུང་སྟེ་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་འདུག

ཉེ་བའི་ལོའི་ནང་། རང་རྒྱལ་རླངས་འཁོར་ཕྱིར་་གཏོང་བྱེད་པའི་གནས་ཚུལ་བརྟན་ཐོག་ཡར་འཕེལ་ཡིན་པ་དང་། ཐོན་རྫས་ཀྱི་གྲུབ་གཞི་མུ་མཐུད་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཉོ་ཚོང་གི་གཞི་ཁྱོན་ནས་བལྟས་ན། སྤྱི་ལོ་༢༠༢༡ལོ་དང་། སྤྱི་ལོ་༢༠༢༢ལོའི་རླངས་འཁོར་ཕྱིར་གཏོང་བྱས་པའི་གྲངས་འབོར་འཕར་ཚད་དེ་ལོ་གཉིས་བསྟུད་མར་ས་ཡ་གཅིག་ཡན་བརྒལ་ཡོད། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱིས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ས་ཡ་གཅིག་དང་བྱེ་བ་བཞི་དང་དགུ་འབུམ་བཞི་ཁྲིར་སླེབས་ནས། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་76.5འཕར་ཡོད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧྲུའུ་ཡུས་ཐིང་གིས། མིག་སྔར་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་པའི་ཁྲོམ་ར་ཉིན་རེ་བཞིན་སྣ་མང་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་རླངས་འཁོར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་204རུ་ཕྱིར་གཏོང་བྱས་ཡོད་པ་དང་། དེའི་ནང་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་ལ་ཨ་སྒོར་དུང་ཕྱུར་ས་ཡ་གཅིག་དང་སུམ་འབུམ་དྲུག་ཁྲི་བཞི་སྟོང་ཕྱིར་གཏོང་བྱས་ཡོད་པ་དང་། ལྡབ་1.2འཕར་བ། བརྒྱ་ཆ་45.9བཟུང་ཡོད། དར་རྒྱས་དཔལ་འབྱོར་མ་ལག་ལ་ཨ་སྒོར་དུང་ཕྱུར་ས་ཡ་གཅིག་དང་ཉིས་འབུམ་བཞི་ཁྲི་ཆིག་སྟོང་ཕྱིར་གཏོང་བྱེད་བཞིན་ཡོད་པ་དང་། ལྡབ་1.2འཕར་བ། བརྒྱ་ཆ་41.83བཟུང་ཡོད།

རླངས་འཁོར་ཕྱིར་གཏོང་ཐད་ལ། ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་བཟུང་བའི་འབོར་གྲངས་མང་ཤོས་ཡིན། ཟླ་བ་དང་པོ་ནས་བཞི་པའི་བར། ནུས་ཁུངས་གསར་པའི་རླངས་འཁོར་ཕྱིར་གཏོང་གིས་སྤྱིའི་ཕྱིར་གཏོང་དངུལ་གྲངས་གྱི་བསྡུར་ཚད་ལས་མཐོ་བ་ཡོད་པ་མ་ཟད་བརྒྱ་ཆ་42.9བཟུང་ཡོད་པ་དང་། རླངས་འཁོར་ཕྱིར་གཏོང་བྱེད་པའི་གྲངས་འབོར་ནང་བརྒྱ་ཆ་51.6བཟུང་ཡོད། ཧྲུའུ་ཡུས་ཐིང་གིས། ཕྱིས་སུ་ཚོང་དོན་པུས་བྱ་ཐབས་སྣ་མང་བཟུང་ནས་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་བྱ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་རླངས་འཁོར་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་སུ་འགྱུར་རེ་ཡོད་པ་དང་། ཚོང་དོན་པུའུ་ཡིས་བྱ་ཐབས་སྣ་མང་བཟུང་ནས་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་བྱ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་ནམ་དུས་དང་པོར། རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཐེངས་དང་པོར་ལྗར་པན་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་རླངས་འཁོར་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་