ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ད་ལོའི་སྤྱི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་རྒྱུན་མཐུད་ངང་འཕར་བ།

2023-05-24 17:05:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚོང་དོན་པུས་སྤེལ་བའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་རྒྱུན་མཐུད་ངང་འཕར་ཡོད་པ་དང་། ཕྱི་ཕྱོགས་ལ་འགན་གཙང་སྤྲད་པའི་ལས་གྲྭ་གཙོ་བོར་བཟུང་བའི་ཕྱི་ཕྱོགས་ཀྱི་མཉམ་ལས་དེར་སྐུལ་འདེད་གཏིང་ཟབ་གཏོང་བའི་རྣམ་པ་ཞིག་མངོན་ཡོད་ཅེས་བསྟན་ཡོད།

ཚོང་དོན་པུའུ་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་འཇོག་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་2892.9བྱས་ཡོད་པ་དེ་དུས་མཚུངས་ལས་བརྒྱ་ཆ་26.6འཕར་ཡོད།

རང་རྒྱལ་ཁེ་ལས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་ལ་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར75.3བྱས་ཡོད་པ་དེ་དུས་མཚུངས་ལས་བརྒྱ་ཆ་9འཕར་ཡོད། དེས་དུས་མཚུངས་ཀྱི་སྤྱིའི་དངུལ་འབོར་གྱི་བརྒྱ་ཆ་17.8ཟིན་ཡོད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ཀའོ་ལིང་ཡོན་གྱིས། གཞི་ཁྱོན་ཐད་ནས་བལྟས་ན། རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་ལ་རྒྱུན་མཐུད་ངང་འཕར་པའི་ཁྱད་ཆོས་མངོན་ཡོད།

དེ་ལས་རང་རྒྱལ་ཁེ་ལས་དང་འབྲེལ་ཡོད་ཚན་པས་ཕྱིའི་ཁོར་ཡུག་གི་མི་ལེགས་པའི་ཤུགས་རྐྱེན་དག་ཁྱད་བསད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་སྣ་མང་ཅན་གྱི་མ་འཇོག་མཉམ་ལས་རང་འགུལ་ངང་སྤེལ་བ་མཚོན་ཡོད། ཁྱབ་ཁོངས་ནས་བལྟས་ཚེ། རང་རྒྱལ་གྱིས་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་ལ་མ་འཇོག་མཉམ་ལས་བྱས་པ་དེ་བརྟན་པོའི་ངང་གོང་འཕེལ་འགྲོ་བ་དེས་རང་རྒྱལ་གྱི་རང་ངོས་འཕེལ་རྒྱས་དང་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་གྱི་ཐུན་མོང་འཕེལ་རྒྱས་ཟུང་འབྲེལ་ཡག་པོ་བྱུང་ཡོད་པ་མཚོན་ཡོད། དེས་འགྲམ་རྒྱུད་རྒྱལ་ཁབ་ཀྱི་ཁྲོམ་ར་གཉིས་པོའི་ཐོན་ཁུངས་ཁག་གཉིས་བར་གྱི་འབྲེལ་མཐུད་ལ་ལེགས་སྐྱེས་མི་དམན་པ་ཕུལ་ཡོད་ཅེས་གསུངས་ཡོད།

སྤྱི་ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱིས་ཕྱི་ཕྱོགས་ལ་འགན་གཙང་སྤྲད་པའི་ལས་གྲྭས་ཚོང་གཉེར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར2879.9ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆ་10.6འཕར་ཡོད། གསར་དུ་གན་རྒྱ་བཞག་པའི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་4064.7ཟིན་པ་དེ་དུས་མཚུངས་ལས་བརྒྱ་2འཕར་ཡོད།

རང་རྒྱལ་ཁེ་ལས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་ཏུ་ལས་གྲྭས་འགན་གཙང་ལེན་ནས་ཚོང་གཉེར་དངུལ་འབོར་ཨ་སྒོར་དུང་ཕྱུར་2305.5ཟིན་ཡོད་པ་དང་། གསར་དུ་གན་རྒྱ་བཞག་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་297.4ཟིན་ཡོད་པ་དེ་ཁག་སོ་སོས་དུས་མཚུངས་སྤྱིའི་དངུལ་འབོར་གྱི་བརྒྱ་ཆ་54.9དང་བརྒྱ་ཆ་50.2ཟིན་ཡོད། ཀའོ་ལིང་ཡོན་གྱིས།མིག་སྔར་ཕྱི་ཕྱོགས་ལ་འགན་གཙང་སྤྲད་པའི་ལས་གྲྭ་གཙོ་བོར་བཟུང་བའི་ཕྱི་ཕྱོགས་ཀྱི་མཉམ་ལས་དེར་སྐུལ་འདེད་གཏིང་ཟབ་གཏོང་བའི་རྣམ་པ་ཞིག་མངོན་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ད་ལོའི་སྤྱི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་རྒྱུན་མཐུད་ངང་འཕར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚོང་དོན་པུས་སྤེལ་བའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་རྒྱུན་མཐུད་ངང་འཕར་ཡོད་པ་དང་།