ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རླངས་འཁོར་འདི་དག་མིང་ཐོ་ནག་པོར་བཅུག་འདུག

2023-05-22 09:26:00     责编:娜科

   2023ལོའི་ཟླ་2ཚེས་10ཉིན། ལྷ་ས་གྲོང་ཁྱེར་བོགས་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་GPSལས་དོན་མི་སྣས་སྐོར་ཞིབ་བྱེད་རིང་། བོད་AT0004ཡི་ལུའུ་ཆེ་གེ་མོ་དང་། བོད་AT2051ལི་ཆེ་གེ་མོ། བོད་AT1335ཡི་ཆེ་གེ་མོ་བཅས་ལ་རང་དགར་ལས་ཚབ་ནག་པོ་འཚོལ་བའི་སྣང་ཚུལ་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། ལས་ཚབ་ནག་པོས་སྐྱེལ་འདྲེན་བྱེད་པའི་བརྒྱུད་རིམ་ནང་། འགྲུལ་པར་ཐང་ག་སོགས་པའི་ཡུལ་ཐོན་ཁྱད་རྫས་ཉོ་རུ་འཇུག་པའི་གནས་ཚུལ་ཚབས་ཆེན་ཡོད་པ་དང་བྱེད་སྟངས་མ་རབས་ཡིན་པ་རེད། ཀུང་སིའི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་དང་དེ་བཞིན་ཁ་ལོ་བས་《འགན་གཙང་གན་རྒྱ་》བཞག་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ཆ་གོང་གསལ་ཁ་ལོ་བ་གསུམ་གྱི་《འགན་གཙང་གན་རྒྱ་》རྩིས་འགྲོ་མེད་པར་བཟོས་པ་དང་། མི་རེར་ཆིངས་འགལ་དངུལ་ཆད་སྒོར་10000རེ་བཏང་ཞིང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པའི་གཉེར་སྐྱོང་རླངས་འཁོར་ཁྲོད་ཡུན་རིང་མིང་ཐོ་ནག་པོར་འཇུག་རྒྱུ་ཡིན་པ་རེད།

   རྒྱ་ཆེའི་ཁ་ལོ་བས་ཕྱི་འདོམས་ཀྱི་བསླབ་བྱར་ལེན་པ་དང་། ལས་གཉེར་ཚད་ལྡན་བཟོ་བ། སྒྲིག་བཀུར་ཁྲིམས་སྲུང་བཅས་བྱས་ཏེ་གྲོང་མིར་གཉེར་སྐྱོང་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། 

    འགྲུལ་པ་བོགས་གཏོང་རླངས་འཁོར་དུ་སྡོད་སྐབས་གནས་ཚུལ་འདི་རིགས་འཕྲད་ཚེ་ཁ་པར་0891-6522345བརྒྱབ་ནས་ཞུ་གཏུག་གནང་རོགས་ཞུ། 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རླངས་འཁོར་འདི་དག་མིང་ཐོ་ནག་པོར་བཅུག་འདུག

འགྲུལ་པ་བོགས་གཏོང་རླངས་འཁོར་དུ་སྡོད་སྐབས་གནས་ཚུལ་འདི་རིགས་འཕྲད་ཚེ་ཁ་པར་0891-6522345བརྒྱབ་ནས་ཞུ་གཏུག་གནང་རོགས་ཞུ།