ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འགོ་ཁྲིད་འདི་ལྔ་པོ་འཛིན་རྒྱུའི་ཐག་བཅད།

2023-05-22 09:24:00     责编:娜科

   ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྐད་འཕྲིན་སྤྱི་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཡཱན་ཝུན་ཆུན་དང་། དབྱང་ཅུས་ཚའེ། ཧྥེ་ཡུའེ་ཀྲུང་། ཁྲེན་ཁོང་ཧུའེ། ཧོ་ཅན་པོའོ་བཅས་སོ་སོར་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད།

   ཧྲན་ཞི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཡཱན་ཝུན་ཆུན་འཛིན་རྒྱུའི་ཐག་བཅད། 

    ཧྲན་ཞི་ཞིང་ཆེན་ནུས་རྒྱུ་ཅུད་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཅུད་ཀྲང་གཞོན་པ་ཡཱན་ཝུན་ཆུན་(ཐིང་རིམ་པ་གཞོན་པ་)གྱིས་ལྐོག་རྔན་བླངས་པ་དང་། གཞུང་ཁོངས་ཀུང་སིའི་ལས་དོན་མི་སྣའི་འགན་འཛོལ་གྱི་གྱོད་དོན་དེ་ཧྲན་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་ནས་བདག་སྐྱོང་བྱས་རྗེས། ཧྲུའོ་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཁྲིམས་སྦྱོར་བྱས། ཉིན་ཤས་གོང་། ལྐོག་རྔན་བླངས་པའི་ཉེས་བསགས་དང་གཞུང་ཁོངས་ཀུང་སིའི་ལས་དོན་མི་སྣའི་འགན་འཛོལ་གྱི་ཉེས་བསགས་ཀྱི་མིང་ཐོག་ནས་ཧྲུའོ་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཡཱན་ཝུན་ཆུན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད། 

   ཧྲན་ཞི་ཞིབ་དཔྱོད་ལས་ཁུངས་ཀྱིས་དབྱང་ཅུས་ཚའེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 

    ཧྲན་ཞི་ཞིང་ཆེན་ལུའི་ལེང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དེ་སྔའི་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་དབྱང་ཅུས་ཚའེ་(ཐིང་རིམ་གཞོན་པ་)ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེ་ཧྲན་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་ནས་བདག་སྐྱོང་བྱས་པ་བརྒྱུད། ཁྲང་ཀྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཁྲིམས་སྦྱོར་བྱས་པ་རེད། ཉིན་ཤས་གོང་། ལྐོག་རྔན་བླངས་པའི་ཉེས་བསགས་དོགས་ཡོད་ཀྱི་མིང་ཐོག་ནས་ཁྲང་ཀྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དབྱང་ཅུས་ཚའེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད། 

    ཀྲེ་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཧྥེ་ཡུའེ་ཀྲུང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 

    ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཧྲི་ཀྲང་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་བཅས་ཡིན་པའི་ཧྥེ་ཡུའེ་ཀྲུང་(ཐིང་རིམ་པ་གཞོན་པ)གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ། ཀྲེ་ཅང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཉིན་ཤས་གོང་། ཀྲེ་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཐོག་ནས། ཧྥེ་ཡུའེ་ཀྲུང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད། 

   ཅང་ཞི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲེན་ཁོང་ཧུའེ་འཛིན་རྒྱུའི་ཐག་བཅད། 

    ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཁྲེན་ཁོང་ཧུའེ(ཐིང་རིམ་གཞོན་པ)ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། ཅང་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཅང་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་ནས་བདག་སྐྱོང་བྱས་པ་བརྒྱུད། ཕིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཁྲིམས་སྦྱོར་བྱས་པ་རེད། ཉིན་ཤས་གོང་། ཕིང་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཐོག་ནས་ཁྲེན་ཁོང་ཧུའེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད། 

    ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཧོ་ཅན་པའོ་འཛིན་རྒྱུའི་ཐག་བཅད། 

    ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་དེ་སྔའི་གྲོང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཧོ་ཅན་པའོ་(ཐིང་རིམ་གཞོན་པ)ཡི་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེ། ཧུའུ་ནན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་། ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཐོག་ནས། ཧོ་ཅན་པོ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད། 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འགོ་ཁྲིད་འདི་ལྔ་པོ་འཛིན་རྒྱུའི་ཐག་བཅད།

ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་དེ་སྔའི་གྲོང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཧོ་ཅན་པའོ་(ཐིང་རིམ་གཞོན་པ)ཡི་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེ། ཧུའུ་ནན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས།