ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རླུང་སྤྲིན་གསུམ་པའི་Gརྟགས་ཅན་གྱི་སྲུང་སྐར་འཕེན་གཏོང་བདེ་བླགས་བྱུང་བ་དང་། ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་འཕེན་གཏོང་ལས་འགན་ཐེངས་100ལེགས་གྲུབ་ཟིན་པ།

2023-04-17 09:43:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རང་རྒྱལ་གྱི་གསེག་ཟུར་དམའ་བའི་འཁོར་ལམ་གྱི་ཆར་ཆུ་བབས་ཚད་ཚད་ལེན་སྲུང་སྐར་རླུང་སྤྲིན་གསུམ་པའི་Gརྟགས་ཅན་གྱི་སྲུང་སྐར་སྤྱི་ཚེས་16ཉིན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེལ་གཏོང་ལེགས་གྲུབ་ཟིན་པ་དང་། འཛམ་གླིང་གི་ཆར་ཆུ་བབས་ཚད་ཚད་ལེན་བྱེད་པའི་སྲུང་སྐར་ནང་ཀྲུང་གོའི་སྲུང་སྐར་ཐེངས་དང་པོ་སྣོན་ཡོད་པ་རེད།

རླུང་སྤྲིན་གསུམ་པའི་Gརྟགས་ཅན་གྱི་སྲུང་སྐར་ནི་རྒྱལ་སྤྱིའི་ཐོག་འཕེལ་གཏོང་བྱས་པའི་རང་འགུལ་ངང་ཆར་ཆུ་བབས་ཚད་ཚད་ལེན་བྱེད་པའི་སྲུང་སྐར་གསུམ་པ་དེ་ཡིན་ཞིང་། རང་རྒྱལ་ཀྱང་དེས་རྐྱེན་པས་འཛམ་གླིང་ཐོག་དུས་གཅིག་ཏུ་ཞོགས་པ་དང་དགོང་མོ། སྔ་དྲོ་དང་ཕྱི་དྲོ། གསེག་ཟུར་བཅས་སའི་གོ་ལ་དང་ཐག་ཉེ་བའི་འཁོར་ལམ་བཞིའི་གནམ་གཤིས་སྲུང་སྐར་ལས་སྒོ་གཉེར་མཁན་སྲུང་སྐར་ཡོད་པའི་རྒྱལ་ཁབ་ཉག་ཅིག་ལ་འགྱུར་ཡོད། སྲུང་སྐར་དེ་ཉིད་འཛམ་གླིང་གི་གནམ་གཤིས་སྒྲིག་འཛུགས་སྒྲོམ་གཞིའི་འོག་འཛམ་གླིང་གི་ཆར་ཆུ་བབས་ཚད་ཚད་ལེན་བྱེད་པའི་གྲུབ་ཆ་གལ་ཆེན་ལ་འགྱུར་ཡོད་པས། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་འགྲོ་བའི་རྒྱབ་ལྗོངས་འོག་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་མ་ལག་གི་སྤྲིན་པ་དང་ཆར་ཆུ་བབས་ཚད་ལྟ་ཞིབ་ཚད་ལེན། སྔོན་བརྡ་གཏོང་བ། གནམ་གཤིས་གནོད་འགོག་གནོད་སེལ་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད།

ད་ཐེངས་ཀྱི་འཕེན་གཏོང་ལས་འགན་ལག་བསྟར་བྱེད་མཁན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་སྲུང་སྐར་འཕེན་གཏོང་སྒྲོམ་གཞི་དེ་མི་ཞུགས་མཁའ་སྐྱོད་འཕེན་གཏོང་སྒྲོམ་གཞི་དང་མཉམ་དུ་འགྱིང་ངེར་གནས་ཡོད། དེ་བར། ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་སྲུང་སྐར་འཕེན་གཏོང་སྒྲོམ་གཞིས་འཕེན་གཏོང་ལས་འགན་ཐེངས་100ལེགས་གྲུབ་ཟིན་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་སྒོར་ཁྲི་200ནས་400བར་གྱི་ལྷམ་འདི་ནི་ཧབ་འཚོང་ལོ་རྒྱུས་ཐོག་གི་་་

1998ལོར། ཇོ་ཏན་གྱིས་ཁོའི་ཆེས་མཐའ་མའི་ཨ་རིའི་མཉམ་འབྲེལ་འགྲན་བསྡུར་གྱི་ཐེངས་གཉིས་པའི་འགྲན་བསྡུར་ཁྲོད་དུ་ལྷམ་འདི་གྱོན་པ་དང་མཇུག་མཐར་རྒྱལ་ཁ་ཐོབ་པ་རེད། སུའུ་ཧྥུའུ་པི་ཡིས་ཚོད་དཔག་བྱས་པ་ལྟར་ན།

中央广播电视总台 央广网 版权所有

རླུང་སྤྲིན་གསུམ་པའི་Gརྟགས་ཅན་གྱི་སྲུང་སྐར་འཕེན་གཏོང་བདེ་བླགས་བྱུང་བ་དང་། ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་འཕེན་གཏོང་ལས་འགན་ཐེངས་100ལེགས་གྲུབ་ཟིན་པ།

ད་ཐེངས་ཀྱི་འཕེན་གཏོང་ལས་འགན་ལག་བསྟར་བྱེད་མཁན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་སྲུང་སྐར་འཕེན་གཏོང་སྒྲོམ་གཞི་དེ་མི་ཞུགས་མཁའ་སྐྱོད་འཕེན་གཏོང་སྒྲོམ་གཞི་དང་མཉམ་དུ་འགྱིང་ངེར་གནས་ཡོད། དེ་བར།