ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ།

2023-03-20 11:25:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སླར་ཡང་རྒྱལ་ཁབ་འགའ་ཤས་ཀྱི་འགོ་ཁྲིད་མི་སྣས་གློག་འཕྲིན་དང་འཕྲིན་ཡིག་གི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བཀྲ་ཤིས་བདེ་ལེགས་ཞུས་ཡོད།
ཕི་རུ་ཕིན་གྱི་ཙུང་ཐུང་མ་ཁོ་སིས། ངོས་ནས་ཁྱེད་རང་ལ་སླར་ཡང་སྤྲོ་སེམས་རབ་ཏུ་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རང་ནས་ཀྲུང་གོའི་མི་དམངས་ཀྱི་དར་རྒྱས་དང་བདེ་སྐྱིད་ཆེ་རུ་གཏོང་རྒྱུའི་ཐད་ཕུལ་དུ་བྱུང་བའི་འགོ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་གནང་མཛད་ཡོད། ཕི་རུ་ཕིན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བར་བརྩི་མཐོང་བྱེད་པ་དང་། འབྱུང་འགྱུར་ཕི་རུ་ཕིན་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དེ་ཇེ་ལེགས་སུ་འགྲོ་རྒྱུའི་རེ་སྒུག་འཆང་བཞིན་པ་དང་། གཉིས་ཕན་མཉམ་རྒྱལ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་བསྟན་འདུག

དབྱི་སི་རལ་གྱི་ཙུང་ཐུང་ཧོར་ཙུའོ་ཀེས། ཁྱེད་རང་གིས་དབུ་ཁྲིད་གནང་བའི་འོག ཀྲུང་གོར་འཕེལ་རྒྱས་ཆེན་པོ་ཐོབ་པ་དང་། ཀྲུང་གོ་འདི་ཉིད་མུ་མཐུད་དེ་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཡིད་ཆེས་བརྟན་པོ་ཡོད། དབྱི་སི་རལ་དང་ཀྲུང་གོ་གཉིས་ནི་གནའ་བོའི་ཤེས་དཔལ་གྱི་རྒྱལ་ཁབ་ཡིན་པ་དང་། དབྱི་སི་རལ་དང་ཀྲུང་གོའི་འབྲེལ་བར་སྟོབས་ཤུགས་ཆེན་པོ་ལྡན་པས། དབྱི་སི་རལ་ཕྱོགས་ནས་ཀྲུང་གོའི་བར་གྱི་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་ཆེད་དམ་པ་དོན་དུ་གཉེར་འདོད་ཡོད་ཅེས་བསྟན་འདུག
མར་ཐེའི་ཙུང་ཐུང་ཝེ་ལས། མ་ཀྲུང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་བསམ་ཤེས་བྱེད་བཞིན་པ་དང་། མར་ཐེའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་མ་ཀྲུང་མཉམ་ལས་ཀྱི་འཕེལ་རིམ་གསར་པར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག
ཁེ་རོ་ཏི་ཡའི་ཙུང་ཐུང་སྨི་ལ་ནུའོ་ཝེ་ཆིས། ཁྱེད་རང་ནས་འགན་བཞེས་མཛད་པར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཁྱེད་རང་གིས་ཀྲུང་གོའི་ཁྱོན་ཡོངས་དར་རྒྱས་དང་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་ཇེ་ལེགས་མངོན་འགྱུར་ཡོང་ཆེད་དུ་འབད་འཐབ་ལྷོད་མེད་གནང་རྒྱུར་ཡིད་ཆེས་ཡོད། ངོས་ནས་ཁྱེད་རང་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཏིང་ཇེ་ཟབ་ཏུ་འགྲོ་རྒྱུར་མུ་མཐུད་དེ་འབད་བརྩོན་ཞུ་འདོད་ཡོད་ཅེས་བསྟན་འདུག

ཨོ་སི་ཁྲུ་ལི་ཡའི་སྤྱི་འདོམས་ཧོར་ལིས། ཨོ་ཀྲུང་འབྲེལ་བ་བརྟན་ལྷའི་ངང་གོང་འཕེལ་རྒྱུན་འཁྱོངས་བྱེད་པ་དེས་རྒྱལ་ཁབ་གཉིས་པོར་ཕན་པ་ཐོབ་རྒྱུ་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་ཐེབས་ངེས་རེད། ངོས་ནས་ཁྱེད་རང་ལྷན་དུ་འབད་བརྩོན་ཞུས་ནས་ཨོ་ཀྲུང་གི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་དེ་འཕེལ་རྒྱས་ཡོང་རྒྱུར་རེ་སྒུག་འཆང་བཞིན་ཡོད་ཅེས་བསྟན་འདུག

ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས། ཡུག་རེན་ཕྱོགས་ནས་ཡུག་རེན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ང་རང་ནས་སྐུ་ཉིད་ཀྱི་དབུ་ཁྲིད་འོག ཀྲུང་གོས་འཛམ་གླིང་བདེ་འཇགས་སྒྲོམ་གཞི་དང་ཇེ་བརྟན་དུ་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་འཛམ་གླིང་གི་སྒྲིག་ལམ་སྲ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་ཡིད་ཆེས་ཡོད། ཁྱེད་རང་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་བྱ་གཞག་རླབས་པོ་ཆེ་འདིར་ཕུལ་བྱུང་གི་གྲུབ་འབྲས་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་འདུག

ཐེ་ལན་གྱི་ཙུང་ཐུང་པ་ཡུས་ཀྱིས། སྐུ་ཉིད་ནས་ཀྲུང་གོའི་ཕྱི་ནང་གི་འཕེལ་རྒྱས་གྲུབ་འབྲས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་མི་དམངས་ཀྱི་བླ་མེད་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཐོབ་ཡོད། ཁྱེད་རང་ནས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོས་དེ་བས་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ཀྱི་འཛམ་གླིང་བཏོད་རྒྱུར་རེ་བ་སྦྱིན་ཡོད། སྐུ་ཉིད་ཀྱི་གཟེངས་སུ་ཐོན་པའི་འགོ་ཁྲིད་ནུས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡིད་རང་ཆེན་པོ་ཞུ་བཞིན་ཡོད། ཐེ་ལན་ཕྱོགས་ནས་ཀྲུང་གོའི་ཕྱོགས་ལྷན་དུ་མཐུན་སྦྱོར་དམ་ཟབ་བྱེད་པ་དང་ལག་གདང་སྦྲེལ་ནས་དེ་བས་བརྟན་ལྷིང་དང་། དེ་བས་དར་རྒྱས། དེ་བས་རྒྱུན་མཐུད་རུང་བ་བཅས་ཀྱི་ཐེ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་བསྟན་འདུག

ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་མཁན་གྲས་སུ་ད་དུང་ནུའོ་ཝེ་རྒྱལ་པོ་ཧ་ལར་སྐུ་ཐོག་ལྔ་པ་དང་། ཤར་ཐི་མོར་གྱི་ཙུང་ཐུང་ཨོར་ཐ། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅེའར། མ་ལིའི་ཙུང་ཐུང་ཀེ་དབྱི་ཐ། ཧེ་ཏེ་ཅུའོ་ཡི་ཙུང་ཐུང་ནའེ་ཝེ་སི། ཀེ་རུ་ཅི་ཡའི་ཙུང་ཐུང་ཙུའུ་ལ་པི་ཧྲེ་ཝེ་ལི། ཨེ་ཁེ་ཏོར་གྱི་ཙུང་ཐུང་ལ་སུའོ། ཁོ་སི་ཐ་རི་ཁའི་ཙུང་ཐུང་ཁྲ་ཝེ་སི། ཏུའོ་མི་ཉི་ཁེའི་ཙུང་ཐུང་ས་ཝ་ལིན། སི་ལུའོ་ཕ་ཁེའི་ཙུང་ཐུང་ཧ་ཕུའུ་ཐུའོ་ཝ། ཨེར་པ་ཉི་ཡའི་ཙུང་ཐུང་པེ་ཅ་དབྱི། པ་ཧ་མའི་སྤྱི་འདོམས་ཧྲེ་སྨི་སི། ཀེ་ལིན་ནཱ་ཏེའི་སྤྱི་འདོམས་ལ་ཀེ་ལེ་ནཱ་ཏེ། ཁོ་ཝེ་ཐེའི་དབུ་ཞུགས་བློན་ཆེན་ཨའེ་ཧ་མའེ་ཏེ། ཐ་ཅེ་ཁེ་སི་ཐན་གྱི་ཙུང་ལི་ལ་སུར་ཙུའོ་ཏེ། ཧྲེང་ཏུའོ་མེ་ཧོ་ཕུའུ་ལིན་ཤི་པིའི་ཙུང་ལི་ཐ་ལུའོ་ཝ་ཏ། མའོ་ལི་ཆིའུ་སིའི་ཙུང་ལི་ཅ་ཀེ་ནཱ་ཐེ། པ་ཧ་མའི་ཙུང་ལི་ཏའེ་ཝེ་སི། ཐེ་ལི་ཉི་ཏ་དང་ཏུའོ་པ་ཀེའི་ཙུང་ལི་ལུའོ་ལི། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་མ་ལ་ཕེ། སུའོ་ལུའོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ། ལྗར་ཕན་སྤྱི་དམངས་ཏང་གི་འགོ་འཛིན་ཧྲན་ཁོའེ་ན་ཅིན་ནན། ཕེ་ཏེ་ཅའོ་ཧྥེ་གླིང་རང་ཚུགས་ཏང་གི་ཀྲུའུ་ཞི་སའེ་མེ་ཏུའོ། ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལེ་སི་ལུའོ་ཕུའུ། ཧ་སག་ཁེ་སི་ཐན་གྱི་ཨ་མ་ནཱ་ཐེ་ཏང་གི་ཀྲུའུ་ཞི་ཁོ་ཧྲ་ནུའོ་ཕུ། ཀེ་རུ་ཅེ་ཡའི་ཡོ་རོབ་གླིང་གི་སྤྱི་ཚོགས་རིང་ལུགས་པའི་ཏང་གི་ཀྲུའུ་ཞི་དབྱིན་ཅ། ཕོ་ཧའེ་རང་བཙན་སྤྱི་ཚོགས་དམངས་གཙོའི་མི་སྣའི་མཉམ་འབྲེལ་ཀྲུའུ་ཞི་ཏུའོ་ཏི་ཁེ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཀྲུའུ་ཞི་ཧེ་ཝ་པུའུ་བཅས་ཡོད་པ་རེད།

中央广播电视总台 央广网 版权所有

ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ།

ཀེ་རུ་ཅེ་ཡའི་ཡོ་རོབ་གླིང་གི་སྤྱི་ཚོགས་རིང་ལུགས་པའི་ཏང་གི་ཀྲུའུ་ཞི་དབྱིན་ཅ། ཕོ་ཧའེ་རང་བཙན་སྤྱི་ཚོགས་དམངས་གཙོའི་མི་སྣའི་མཉམ་འབྲེལ་ཀྲུའུ་ཞི་ཏུའོ་ཏི་ཁེ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཀྲུའུ་ཞི་ཧེ་ཝ་པུའུ་བཅས་ཡོད་པ་རེད།