ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ནེ་པ་ལའི་ཙུང་ཐུང་གསར་པས་འགན་བཞེས་དམ་བཅའ་བཞག

2023-03-16 10:29:00     责编:娜科

       ས་ཆ་དེ་གའི་དུས་ཚོད་སྤྱི་ཟླ་3པའི་ཚེས་13ཉིན་གྱི་ཕྱི་དྲོ། ནེ་པ་ལའི་ཙུང་ཐུང་གྱི་འགན་བཞེས་དམ་བཅའ་འཇོག་པའི་མཛད་སྒོ་ཙུང་ཐུང་གཞུང་ཤག་ཏུ་སྤེལ། གསར་དུ་བདམས་པའི་ནེ་པ་ལའི་ཙུང་ཐུང་ལ་མུའུ·ཆན་ཏི་ལ·པའོ་ཏིར་ (Ram Chandra Poudel) གྱིས་དབུ་བཞུགས་ཁྲིམས་དཔོན་ཆེན་མོའི་ལས་ཚབ་ཀྱི་གཙོ་སྐྱོང་འོག་དམ་བཅའ་བཞག་སྟེ་2008ལོར་བལ་པོ་མནའ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བཙུགས་ཚུན་གྱི་ཙུང་ཐུང་ཨང་གསུམ་པར་གྱུར་བ་དང་། འགན་གནས་དུས་ཡུན་ལོ་ལྔ་ཡིན་པ་རེད། 

     ནེ་པ་ལའི་ཙུང་ལི་དང་བལ་པོ་མནའ་འབྲེལ་གྲོས་ཁང་མནའ་འབྲེལ་གླིང་གི་ཀྲུའུ་ཞི་སོགས་དཔོན་པོ་དང་ནེ་པ་ལའི་སྲིད་ཏང་གཙོ་བོ་འགའི་འགོ་ཁྲིད་པ་བཅས་པའོ་ཏིར་གྱི་འགན་བཞེས་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། རྡོ་རྗེ་ཚེ་རིང་། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ནེ་པ་ལའི་ཙུང་ཐུང་གསར་པས་འགན་བཞེས་དམ་བཅའ་བཞག