ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་གནས་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་དེ་ལེགས་པོ་བསྒྲུབ་བཞིན་པ་དང་། རིམས་ནད་འགོ་ཁྱབ་འགྲོ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་བཞིན་པ།

2022-11-25 16:59:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་བཞིན་ཡོད་པ་རེད།

མིག་སྔར་པེ་ཅིང་གྲོང་ཁྱེར་དུ་རིམས་ནད་འགོ་མཁན་གསར་དུ་ཐོན་ཚད་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད་པ་དང་རིམས་ནད་འགོ་ཁྱབ་འགྲོ་ཚུལ་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་པ་མ་ཟད། ཁྱབ་རྒྱ་ཆེ་རུ་ཕྱིན་ནས་རྒྱལ་སའི་སྔོན་འགོག་ཚོད་འཛིན་ལས་དོན་དེ་རིམས་ནད་འགོག་གཅོད་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་ཞུས་ཧོ་ཅན་གྱིས། མིག་སྔར་ནུས་ཤུགས་ཡོད་རྒུས་ནད་དུག་འགོག་བཅོས་བྱེད་བཞིན་པ་དང་། གདགས་གཞིས་ཡིན་པ་གཏན་འཁེལ་བྱེད་ཚད་དང་གདགས་གཞིས་ཡིན་མཁན་ཁུངས་འདེད་བྱེད་པ། གདགས་གཤིས་ཡིན་མཁན་དོ་དམ་བྱེད་པ་བཅས་མགྱོགས་སུ་བཏང་ནས། རིམས་ནད་འགོ་ཁྱབ་འགྲོ་ཚད་དང་རིམས་ནད་མང་དུ་འགྲོ་བའི་རྣམ་པ་བཀག་འགོག་བྱེད་བཞིན་ཡོད། པེ་ཅིང་གིས་ནད་པའི་སྐྱོབ་བཅོས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ནད་པ་དང་ལེན་བྱེད་དགོས་རིགས་དང་ལེན་བྱེད་རྒྱུ་དང་སྐྱོབ་བཅོས་ཐུབ་རིགས་སྐྱོབ་བཅོས་བྱེད་རྒྱུ་ཡིན། དམངས་འཚོ་འགན་སྲུང་རིགས་ཀྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གི་འཁོར་སྐྱོད་ལ་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་དམངས་འཚོ་འགན་སྲུང་དང་འབྲེལ་བ་ཡོད་པའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གི་རིམས་ནད་དང་འབྲེལ་བ་ཡོད་པའི་ལས་དོན་ཐག་གཅོད་བྱེད་པར་ཚོད་འཛིན་ནན་ཏན་བྱེད་པ་དང་། གང་མགྱོགས་བཀག་སྡོམ་བྱེད་པ་དང་གང་མགྱོགས་སེལ་ཐུབ་པ་བྱས་ནས་རྩ་དོན་ཐོག་ཉིན་གཅིག་སྒོ་བརྒྱབ་རྗེས་བསྐྱར་དུ་སྒོ་འབྱེད་ཐུབ་པ་བྱེད་དགོས་པ་དང་མང་ཤོས་ལ་ཉིན་གསུམ་ལས་མི་བརྒལ་བ་བྱེད་དགོས་གསུངས་པ་རེད།

ཀོང་ཀྲོའུ་ཡིས་སྔར་ཡོད་ཀྱི་ཁ་འགྲེམས་བྱེད་ཐབས་ཀྱི་རྨང་གཞིའི་ཐོག་ཉེན་ཁ་ཡོད་པའི་ས་ཁོངས་ནང་གི་མི་སྣ་ཁ་འགྲེམས་སྔར་བས་ཚན་རིག་དང་མཐུན་པའི་ངང་ཡག་པོ་བྱས་ཏེ་མང་ཚོགས་དུ་ཕྱིར་ལོག་བྱེད་པའི་དགོས་མཁོར་འགན་ལེན་བྱས་ཡོད་པ་རེད།

མིག་སྔར་ཁྲུང་ཆིང་ལྟེ་བའི་གྲོང་ཁུལ་གྱི་རིམས་ནད་ཀྱི་འཕེལ་ཚུལ་དང་དང་ཁྱབ་ཚུལ་ཐད་ཧེ་བག་ཅུང་ཆེ་བའི་ཁྱད་ཆོས་ལྡན་ཡོད་ཅིང་། ཁྲུང་ཆིང་གྲོང་ཁྱེར་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཡུང་ཝུའུ་ཡིས། མིག་སྔར་ཁྲུང་ཆིང་ས་གནས་དེ་གའི་ཐོན་སྐྱེད་ནུས་པ་དང་དེ་བཞིན་གྲོང་ཁྱེར་ཕྱིའི་སྒྲིག་སྦྱོར་ནུས་པ་དང་མཁོ་སྤྲོད་བྱེད་ཚད་དེ་ཁྲུང་ཆིང་གྲོང་ཁྱེར་གྱི་དགོས་མཁོ་ལས་ཆེ་བ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ས་གནས་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་དེ་ལེགས་པོ་བསྒྲུབ་བཞིན་པ་དང་། རིམས་ནད་འགོ་ཁྱབ་འགྲོ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་བཞིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་བཞིན་ཡོད་པ་རེད།