ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་གནས་ཚུལ་ཐག་གཅོད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་ལྡན་གྱི་འཚོ་བ་འགན་ལེན་བྱེད་བཞིན་པ།

2022-11-24 11:30:00     责编:桑吉卓玛
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་གནས་ཚུལ་ཐག་གཅོད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་རྒྱུན་ལྡན་གྱི་འཚོ་བ་འགན་ལེན་བྱེད་བཞིན་ཡོད།
མིག་སྔར་པེ་ཅིང་གྲོང་ཁྱེར་གྱི་རིམས་ནད་འགོ་ཁྱབ་འགྲོ་ཚུལ་མངོན་གསལ་གྱིས་སྡུག་ཏུ་ཕྱིན་པ་དང་། སྤྱི་ཚོགས་ངོས་ཀྱི་རིམས་ནད་མཆེད་པའི་ཉེན་ཁ་ཆེ་རུ་ཕྱིན་པ།རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་འགག་རྩའི་དུས་དང་ཛ་དྲག་ཤོས་ཀྱི་དུས་ལ་སླེབས་ཡོད། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་ཞུས་ཧོ་ཅན་གྱིས།ཆུས་ཁག་གིས་ཆུས་དེ་གའི་རིམས་ནད་གནས་ཚུལ་དང་སྤྱི་ཚོགས་ཀྱི་ཉེན་ཁ་ཆེ་ཆུང་ལ་གཞིགས་ནས་རིམས་ནད་གནས་ཚུལ་ལེགས་སུ་མ་ཕྱིན་བར་དུ་རིམས་ནད་ཚོད་འཛིན་གྱི་དམིགས་ཚད་འགུལ་རྣམ་གྱིས་ལེགས་སྒྲིག་བྱེད་དགོས་པ་དང་། རྒྱལ་ཁབ་འགྲེམས་སྟོན་ཁང་གསར་པའི་ནད་གཞི་ཡང་བའི་སྒྲོམ་ཚང་སྨན་ཁང་མིག་སྔར་སྤྱོད་འགོ་ཚུགས་ཟིན་ཡོད་ཅེས་བཤད་པ་རེད། 
པེ་ཅིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་ཞའོ་ཧྥེང་གིས། དུས་བབ་དང་བསྟུན་ནས་ཚད་དང་མཐུན་ལ་ནུས་ལྡན་ངང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་སུ་གཏོང་བ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མགྱོགས་མྱུར་དང་ནན་པོ། ཞིབ་ཚགས་བཅས་ཀྱི་སྒོ་ནས་དམ་འཛིན་བྱས་ཏེ། ནད་ཡམས་མགྱོགས་མྱུར་མང་དུ་འགྲོ་ཚུལ་བཀག་འགོག་བྱེད་དགོས། རིམས་ནད་ཐོན་མང་བའི་ཆུས་དང་སྲང་ལམ་ཤང་བཅས་ཀྱིས་སྤྱི་ཚོགས་ངོས་ཀྱི་བྱེད་སྒོ་སྤེལ་ཚད་སྔར་བས་ཉུང་དུ་གཏོང་བ་དང་། རིམས་ནད་ཐ་ཐོར་དུ་ཐོན་པའི་ཆུས་ཀྱིས་གྲོང་མིར་ངེས་པར་དུ་རིམས་ནད་ཡོད་པའི་ས་ཁུལ་དུ་མི་འགྲོ་བའི་འབོད་སྐུལ་བྱེད་དགོས་པ། རིམས་ནད་ཐོན་མང་བའི་ཆུས་ལ་འགྲོ་དགོས་ངེས་ཀྱི་མི་སྣས“གནས་གཉིས་ལམ་ཐིག་གཅིག”རྒྱུན་འཁྱོངས་ནན་པོ་བྱེད་པ་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་།བདེ་ཐང་ལྟ་ཞིབ་ཚད་ལེན།མི་སྒེར་གྱི་འགོག་སྲུང་བཅས་ཡག་པོ་བྱེད་དགོས་ཞེས་བཤད་ཡོད།
མིག་སྔར། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཆུས་ཀྱི་རིམས་ནད་སྔར་བཞིན་འཕར་བའི་དུས་སུ་གནས་པ་དང་།ཧའེ་ཀྲུའུ་ཆུས་ཀྱིས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་སྤྱི་ཟླ་11པའི་ཚེས་27ཉིན་གྱི་ཆུ་ཚོད་24བར་མུ་མཐུད་སྤྱོད་རྒྱུའི་གཏན་འཁེལ་བྱས་པ་རེད། ཧའེ་ཀྲུའུ་ཆུས་ཀྱི་ཆུས་ཀྲང་གཞོན་པ་སུའུ་མིང་ཆིང་གིས། ཧའེ་ཀྲུའུ་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་ནུས་ཤུགས་ཡོད་རྒུ་དང་།ཞིབ་ཚགས།འཐུས་ཚང་བཅས་ཀྱི་སྒོ་ནས་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ཡིན། ང་ཚོས་གཙོ་གནད་དོ་དམ་ཚོད་འཛིན་ཁུལ་ཚང་མར་འཚོ་བའི་དངོས་ཟོག་སྡེབ་སྐྱེལ་དཔུང་ཁག་བཙུགས་ཡོད་པ་དང་། འཚོ་བའི་དངོས་ཟོག་འགན་ལེན་བྱ་ཡུལ་དང་ས་ཚིགས་150བཀོད་སྒྲིག་བྱས་པ་དང་ཆབས་ཅིགཤིང་ཏོག་དང་།སྔོ་ཚལ།འབྲས་སོགས་དངོས་ཟོག་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་གྱུར་གྱི་ཚད་གཞི་དང་དུས་ཚོད་གཏན་འཁེལ་གྱིས་ཆུས་ཚང་མར་དངོས་ཟོག་ལྟོ་ཕད་སྤྲོད་ཀྱི་ཡོད་ཅེས་བཤད་པ་རེད།
ཀོང་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་དབྱི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།ཀོང་ཀྲོའུ་ཡིས་གནས་གཏན་འཁེལ་སྨན་ཁང་གི་སྨན་བཅོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག སྒྲོམ་ཚང་སྨན་ཁང་19བེད་སྤྱོད་བྱེད་འགོ་བཙུགས་ཟིན་པ་དང་།ད་དུང་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་28ལ“སྨན་ཁང་གིས་འགན་ཁུར་བའི”གི་རྣམ་པའི་ཐོག་ནས་སྒྲོམ་ཚང་སྨན་ཁང་རྩིས་ལེན་བདག་སྤྲོད་བྱས་ཏེ་རིགས་དབྱེ་ནས་སྐྱོབ་བཅོས་བྱེད་དུ་བཅུག་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་གནས་ཚུལ་ཐག་གཅོད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་ལྡན་གྱི་འཚོ་བ་འགན་ལེན་བྱེད་བཞིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་གནས་ཚུལ་ཐག་གཅོད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱ་