ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་དུ་དྲ་རྒྱའི་ཞབས་ཞུས་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་འདོགས་པའི“མཐའ་མའི་འགག་གནད”བསལ་བ།

2021-02-24 14:57:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ལོ་གསར་ཚེས་པ་གསུམ་ལ་ལྷ་སའི་གྲོང་མི་ཐུབ་བསྟན་གྱིས་དྲོ་སོབ་སོབ་ཀྱི་སྡོད་ཁང་ནང་ཉལ་ཁྲིའི་རྒྱབ་སྙེས་ལ་བསྙེས་ཏེ་ལག་ཐོགས་ཁ་པར་ནས་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་མོར་ལྟ་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་འཚོ་བའི་དགོས་མཁོ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྤྱི་པའི་རིག་གནས་གྲངས་འཛིན་ལས་སྟེགས་འཛུགས་སྐྲུན་ཤུགས་ཆེན་བྱས་ཤིང་། “སྤྲིན་དུད”ཀྱི་སྤྱི་པའི་རིག་གནས་ཐོན་ཁུངས་ཞབས་ཞུའི་རྣམ་པ་བརྒྱུད། རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་བཏགས་ཡོད།

བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་ཀྱི་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་གསར་བརྗེའི་རིག་གནས་གྲངས་འཛིན་ཐོན་ཁུངས་ཀྱི་སྤྱི་འབོར་9.33TBཟིན་པ་དང་། ཕྱི་ནས་ཉོས་པའི་ཐོན་ཁུངས་2950ལྷག་ཙམ་ཡོད་པར་20TBཟིན་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ནས་སྒྱུར་བཟོ་བྱས་པའི་གྲངས་འཛིན་ཐོན་ཁུངས་ཆུ་ཚོད་4169ཟིན་གྱི་ཡོད། ལག་ཐོགས་ཁ་པར་ནས་དྲ་ཞུགས་ཆོག་པའི་ཐོན་ཁུངས་ཀྱི་དུས་དེབ་3600ལྷག་ཙམ་དང་། དཔེ་དེབ་ཁྲི་30ལྷག་ཙམ། སྒྲ་ལྡན་དཔེ་དེབ་ཐོན་ཁུངས་ཆུ་ཚོད་1000ལྷག་ཙམ་ཡོད་པ་རེད།

ད་ཆ་བོད་དུ་4Gདྲ་རྒྱ་དང་འོད་འཁྲིད་ཚི་སྐུད་ཀྱི་དྲ་ཆེན་ཁྱབ་ཚད་99%ཟིན་པས་སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་གྱི་དྲ་ངོས་སམ་ཡང་ན་གློག་ཀླད་ཀྱི་མཐེབ་གནོན་མནན་ཚེ། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྔོག་འདོན་དང་ལེགས་སྒྲིག་བྱས་པའི“གླིང་སྒྲུང་གི་བརྒྱུད་ལམ་སྣེ་མང་ཐོན་ཁུངས་མཛོད”དང་། “བོད་རིགས་ཀྱི་ལག་ཤེས་བཟོ་རྩལ་ཀུན་བཏུས་ཏེ། ཐང་གའི་བརྒྱུད་ལམ་སྣེ་མང་ཐོན་ཁུངས་མཛོད”“བོད་ཀྱི་གསོ་བ་རིག་པའི་རིག་གནས་བརྒྱུད་ལམ་སྣེ་མང་ཐོན་ཁུངས་མཛོད”“དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་པའི་ངག་རྒྱུན་ལོ་རྒྱུས”སོགས་ཕུལ་བྱུང་རིག་གནས་ཐོན་ཁུངས་འཛུགས་སྐྲུན་རྣམ་གྲངས་ལོངས་སྤྱོད་ཐུབ་ཀྱི་ཡོད།

ལྷ་མོའི་འཁྲབ་གཞུང་ལ་ཧ་ཅང་དགའ་བའི་ཐུབ་བསྟན་གྱིས་གསར་འགོད་པར། “‘སྤྲིན་དུད’སྤྱི་པའི་ཐོན་ཁུངས་ལས་སྟེགས་ཞབས་ཞུ་དེ་དངོས་གནས་སྟབས་བདེ་པོ་འདུག ལས་སྟེགས་དེས་རིག་གནས་རྒྱུན་འཛིན་བྱས་ཡོད་པ་མ་ཟད། མི་རྣམས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུའང་གཏོང་གི་འདུག”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་དུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞི་ལ་ཁྱབ་པའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་སྤྱིར་ན་བསྐྲུན་པ་བརྒྱུད། ས་ཁུལ་དང་གྲོང་ཁྱེར་ཁག་ལ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་བཅས་ཡོད་པ་དང་། རྫོང་ཁག་ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་ཡོད་པ། ཤང་ཁག་ལ་ཕྱོགས་བསྡུས་རིག་གནས་ས་ཚིགས་ཡོད་པ་རེད། 2021ལོ་ནས་བཟུང་བོད་ཀྱིས་ད་དུང་སྤྱི་པའི་རིག་གནས་གྲངས་འཛིན་ཅན་གྱི་ཐོན་ཁུངས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལོ་ལྟར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་པའི་གྲངས་འཛིན་རིག་གནས་ཐོན་ཁུངས་2TBའདོན་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

བོད་དུ་དྲ་རྒྱའི་ཞབས་ཞུས་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་འདོགས་པའི“མཐའ་མའི་འགག་གནད”བསལ་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ལོ་གསར་ཚེས་པ་གསུམ་ལ་ལྷ་སའི་གྲོང་མི་ཐུབ་བསྟན་གྱིས་དྲོ་སོབ་སོབ་ཀྱི་སྡོད་ཁང་ནང་ཉལ་ཁྲིའི་རྒྱབ་སྙེས་ལ་བསྙེས་ཏེ་ལག་ཐོགས་ཁ་པར་ནས་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་མོར་ལྟ་བཞིན་ཡོད་པ་རེད།