ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གོམས་གཤིས་འདི་དག་འཇགས་ན་ཚེ་རིང་དུ་འགྲོ་བར་ཕན་ཐོགས་འདུག

2021-02-23 09:42:00     责编:卓玛才让

    ཞིབ་འཇུག་ལས་མངོན་དོན། གཉིད་དང་ཚེ་ཚད་དབར་ཐད་ཀར་འབྲེལ་བ་ཡོད་ཅིང་། དགོང་ལྟར་གཉིད་ཆུ་ཚོད་4ལས་མ་ཁུག་ན། ཚེ་80%ཐུང་དུ་འགྲོ་ཡི་ཡོད། 

    གལ་ཏེ་ཉིན་ལྟར་མ་ཉལ་གོང་འདི་དག་རྒྱུན་འཁྱོངས་ཚེ། ལུས་ཀྱི་ནད་དུག་རྣམས་བསལ་ནས། གཉིད་ཡག་པོ་ཁུག་ཐུབ་པའི་ཁར། ཚེ་ཡང་རིང་དུ་འགྲོ་ངེས་རེད། 

    ད་འོ་ན། མ་ཉལ་གོང་ཅི་ཞིག་ལས་དགོས་སམ། 

1.སྐྲ་ཤད་པ།

    ཀྲུང་ལུགས་གསོ་རིག་གི་ལྟ་བར་གཞིགས་ན། གཟུགས་པོའི་རྩ་ཚང་མ་མགོ་དང་སྦྲེལ་ཡོད་པས། མགོ་བོའི་ཁྲག་རྩར་འཕུར་མཉེད་འོས་འཚམ་བྱས་ཚེ། བསམ་བློ་གཏོང་བར་ཕན་ཐོགས་ལ། གཟུགས་པོའི་རྩ་གཤོང་བར་ཕན་པའང་ངེས་ཅན་ཡོད་པས། ནད་གཞི་སྔོན་འགོག་དང་ལུས་གསོའི་ནུས་པ་ཐོན་ཐུབ། དེས་ན། ཁྲག་ཤེད་མཐོ་བ་དང་། འཕར་རྩ་རེངས་འགྱུར། དབང་རྩ་ཉམས་པ་སོགས་ཀྱི་ནད་པས་དགོང་ཞོགས་གཉིས་ཀར་སྐྲ་ཤད་རྒྱུ་སྐར་མ་10རྒྱུན་བསྐྱངས་ན་གཟུགས་པོར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། 

2.རྐྱོང་ཤད་བྱེད་པ། 

    རྐྱོང་ཤད་ནི་ལུས་ཟུངས་གསོ་བའི་སྒུལ་སྟངས་སྟབས་བདེ་ཞིག་ཡིན། གཞན་ཡང་། རྐྱོང་ཤད་བྱས་པས་གཟུགས་པོའི་དབང་རྩ་གཤོང་བར་རམ་འདེགས་དང་། ཟུངས་ཁྲག་འཁོར་རྒྱུག་ལ་སྐུལ་ནས་དོན་སྣོད་ཀྱི་ཚ་གྲང་སྙོམས་པས་ལུས་གསོའི་ཐབས་ཤེས་ཡག་ཤོས་ཤིག་རེད། 

3.གྲོད་ཁོག་འཕུར་བ། 

    གཉིད་མ་ཉལ་གོང་གྲོད་ཁོག་འཕུར་ཚེ། སྨད་ཁོག་གི་ཚིལ་བཞུར་བར་ཧ་ཅང་ཕན་ལ། ད་དུང་གྲོད་ཁོག་འཕུར་བ་ལས་བཙོག་པ་གཤོང་བར་ཕན་པ་ཆེའོ།

4.ཆུ་ཚ་པོར་རྐང་པ་སྦོང་བ། 

    གཉིད་མ་ཉལ་གོང་། ཆུ་ཚ་པོར་རྐང་པ་སྦངས་ན་ངལ་དུབ་སེལ་བ་མ་ཟད། གཉིད་ཁུག་པར་ཕན་ཐོགས་ཆེན་པོ་ཡོད། ལྷག་པར་དུ་ཆུ་ཚ་པོར་རྐང་པ་སྦངས་ཚེ། ཁྲག་འཁོར་རྒྱུག་ལེགས་སུ་འགྲོ་ཐུབ་པ་དང་གྲང་ངར་འགོག་པའི་ཁར། ལུས་པོའི་རྙིང་འབུད་གསར་བརྗེས་ལའང་དེ་མཚུངས་ཀྱི་ཕན་པ་ཡོད། 

5.ཆུ་དཀར་ཡོལ་གང་འཐུང་བ། 

    མ་ཉལ་གོང་རྟག་ཏུ་ཆུ་བཏུངས་ན་ཁྲག་སླ་རུ་གཏོང་ཐུབ་པ་མ་ཟད། ཁྲག་འཁོར་རྒྱུག་ལ་ཕན་ཅིང་། ཀླད་པའི་ཁྲག་རྩ་རེངས་པའི་ནད་འགོག་ཐུབ། གཞན་ཡང་། གཉིད་ཁུག་སྐབས་གཟུགས་པོ་ནས་རྔུལ་ནག་དོན་པས་ལུས་པོའི་ཆུ་སྐེམ་སྲིད། དེས་ན། གལ་ཏེ་མ་ཉལ་གོང་ཆུ་དཀར་ཡོལ་གང་བཏུངས་ན། ཁྲག་སླ་རུ་འགྲོ་བ་མ་ཟད། གློ་བུར་དུ་སྙིང་ནད་ཕོག་པའི་ཉེན་ཁའང་ཆུང་དུ་འགྲོ་སྲིད། 

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

གོམས་གཤིས་འདི་དག་འཇགས་ན་ཚེ་རིང་དུ་འགྲོ་བར་ཕན་ཐོགས་འདུག