ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

ཀན་ལྷོའི་ས་གནས་ཁག་གིས་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་པ།

2021-02-09 15:05:00     责编:卓玛才让

བསང་ཆུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་ཁག་གི་ལོ་སར་གྱི་མཁོ་ཆས་ཚོང་ར་ཉིན་རེ་བཞིན་འཁྲུག་ཆ་དོད་དུ་འགྲོ་བ་དང་། གྲོང་ཁྱེར་ཡང་གཟབ་མཆོར་ལེགས་པར་སྤྲས་འདུག་པས་གང་དུ་སླེབས་ཀྱང་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་འདུག་ལ། ཚོང་རར་ལོ་སར་གྱི་མཁོ་ཆས་སྣ་ཚོགས་བཤམས་ཏེ་ག་ས་གང་དུ་ལོ་གསར་ལ་སྟ་གོན་བྱེད་པའི་རྣམ་པ་བཟང་བོ་མཐོང་ཐུབ།

ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཐོན་རྫས་ཚོང་ར་བཅས་སུ་ལོ་གསར་གྱི་མཁོ་ཆས་ཉོ་མཁན་དང་། གྱོན་ཆས་གསར་བ་ཉོ་མཁན་རྒྱུན་མི་ཆད་པར་ཁུག་སྣོད་ཆེ་ཆུང་སྣ་ཚོགས་བཟུང་བའི་མང་ཚོགས་རྣམས་ཀྱིས་ཅ་ལག་མང་པོ་རླངས་འཁོར་དུ་བརྩིགས་ནས་དགའ་སྤྲོའི་འཛུམ་མདངས་དང་བཅས་ཁྱིམ་དུ་ལོག་བཞིན་འདུག

ཐེ་བོ།

ཅོ་ནེ།

འབྲུག་ཆུ།

ཀླུ་ཆུ།

གཙོས།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཀན་ལྷོའི་ས་གནས་ཁག་གིས་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་པ།