ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་ཕྱི་འབྲེལ་པུས་འཇར་མན་དམག་ཕྱོགས་ཀྱི་སྒྲ་ཕབ་གནད་དོན་ཐད་ཨུ་རུ་སུར་བཅར་སྡོད་འཇར་མན་གྱི་གཞུང་ཚབ་ཆེ་མོ་བ་དང་ཐུག་ཡོད། འཇར་མན་གྱི་ཙུང་ལིས་ཡུག་རེན་ལ་ཅིན་ཉིའུ་ཙུའོ་རྟགས་ཅན་གྱི་སྐོར་བསྐྱོད་མེ་ཤུགས་འཕུར་མདེལ་མཁོ་འདོན་བྱེད་མི་སྲིད་པའི་བསྐྱར་བཤད་བྱས་པ།

2024-03-05 18:08:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཕྱི་འབྲེལ་པུས་ཚེས་4ཉིན་འཇར་མན་དམག་ཕྱོགས་ཀྱི་སྒྲ་ཕབ་གནད་དོན་ཐད་ཨུ་རུ་སུར་བཅར་སྡོད་འཇར་མན་གྱི་གཞུང་ཚབ་ཆེ་མོ་བ་དང་ཐུག་ནས།  འཇར་མན་གྱི་མཐོ་རིམ་དཔོན་རིགས་ཀྱིས་ཡུག་རེན་གྱི་སྲིད་དབང་ལ་ཅིན་ཉིའུ་ཙུའོ་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་མཁོ་འདོན་བྱེད་པ་དང་། དེ་བཞིན་ཡུག་རེན་དམག་གིས་མེ་ཤུགས་འཕུར་མདེལ་དེ་སྤྱད་ནས། ཨུ་རུ་སུའི་མངའ་ཁོངས་ནང་གི་དམིགས་འབེན་ལ་རྡུང་རྡེག་གཏོང་རྒྱུར་རོགས་རམ་བྱེད་བཟོ་ཡོད་པ་སོགས་ཀྱི་ཐད་གསལ་བཤད་བྱེད་དགོས་པའི་རེ་བ་བཏོན་ཡོད། ཚེས་4ཉིན་འཇར་མན་གྱི་ཙུང་ལི་ཧྲོའར་ཚེ་ཡིས། འཇར་མན་གྱིས་ཡུག་རེན་ལ་ཅིན་ཉིའུ་ཙུའོ་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་མཁོ་འདོན་བྱེད་མི་སྲིད་ཅེས་བསྐྱར་བཤད་བྱས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཨུ་རུ་སུའི་ཕྱི་འབྲེལ་པུས་འཇར་མན་དམག་ཕྱོགས་ཀྱི་སྒྲ་ཕབ་གནད་དོན་ཐད་ཨུ་རུ་སུར་བཅར་སྡོད་འཇར་མན་གྱི་གཞུང་ཚབ་ཆེ་མོ་བ་དང་ཐུག་ཡོད། འཇར་མན་གྱི་ཙུང་ལིས་ཡུག་རེན་ལ་ཅིན་ཉིའུ་ཙུའོ་རྟགས་ཅན་གྱི་སྐོར་བསྐྱོད་མེ་ཤུགས་འཕུར་མདེལ་མཁོ་འདོན་བྱེད་མི་སྲིད་པའི་བསྐྱར་བཤད་བྱས་པ།

ཚེས་4ཉིན་འཇར་མན་གྱི་ཙུང་ལི་ཧྲོའར་ཚེ་ཡིས། འཇར་མན་གྱིས་ཡུག་རེན་ལ་ཅིན་ཉིའུ་ཙུའོ་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་མཁོ་འདོན་བྱེད་མི་སྲིད་ཅེས་བསྐྱར་བཤད་བྱས་ཡོད་པ་རེད།