ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ལ་གོ་སྐབས་དེ་བས་མང་བ་སྦྱིན་ཐུབ་རྒྱུར་རྒྱལ་ཁབ་མང་པོའི་མི་སྣས་རེ་སྒུག་བྱེད་པ།

2024-03-05 18:07:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོའི་ཚོགས་ཆེན་གཉིས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་དང་བརྟན་ལྷིང་གིས་མུ་མཐུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ལ་གོ་སྐབས་དེ་བས་མང་བ་སྦྱིན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད།

ཁོང་ཀོ་པུའི་ཙུང་ཐུང་ས་སུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གོང་འཕེལ་ཀྱི་གྲོས་འགོ་སོགས་གྲོས་འགོ་གསུམ་པོ་དེ་དག་ལ་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོའི་སྒྲོམ་གཞིའི་ནང་། རྨང་གཞིའི་སྒྲིག་ཆས་དང་། ཞིང་ལས་སོགས་ཁྱབ་ཁོངས་ཁྲོད་ཀྲུང་གོ་དང་སྦྲེལ་མཐུད་དེ་བས་ཡག་པོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ང་ཚོས་གྲངས་འཛིན་དཔལ་འབྱོར་དང་མི་བཟོས་རིག་ནུས་ཀྱི་ཐད་ཀྲུང་གོའི་གོང་འཕེལ་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་རེ་བ་ཡང་བྱེད་ཀྱི་ཡོད། ང་ཚོས་ཀྲུང་གོ་དང་ཡུན་རིང་མཉམ་ལས་དང་མཉམ་དུ་མདུན་སྐྱོད་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།

  ཨན་ཐི་ཀའོ་དང་པ་པུ་ཏའི་ཙུང་ལི་པུའུ་ལང་གིས། ང་རང་ནས་ཀྲུང་གོའི་ཚོགས་ཆེན་གཉིས་ཀྱི་ཐོག་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་སྐོར་གྱི་ནང་དོན་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ང་ཚོ་དང་འདྲ་བའི་གླིང་ཕྲན་ཆུང་ངུའི་རྒྱལ་ཁབ་དག་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ཀྲུང་གོ་ནི་ཨན་ཐི་ཀའོ་དང་པ་པུའུ་ཏ་ཡི་གྲོགས་པོ་བཟང་པོ་ཡིན་པས། ཁྱབ་ཁོངས་མང་པོའི་ནང་ཀྲུང་གོས་ང་ཚོར་རོགས་རམ་བྱས་པར་ངས་ཐུགས་རྗེ་ཆེ་ཞུ། ཉེ་བའི་ལོའི་རིང་ང་ཚོ་རྒྱལ་ཁབ་གཉིས་པོའི་དབར་གྱི་ཉོ་ཚོང་འགྲོ་འོང་མང་དུ་ཕྱིན་ཡོད་པས། ང་རང་ནས་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་གོང་འཕེལ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།

  ཨ་རབ་མཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་དང་རྒྱལ་དོན་པུའུ་ཀྲང་ས་ཉི་.ཙའེ་ཡུའོ་ཏི་ཡིས། ཀྲུང་གོས་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་དཔལ་འབྱོར་གོང་འཕེལ་ལེགས་སུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད་ཅིང་། ང་རང་གིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་ཐུབ་པའི་ལྟ་སྟངས་འཛིན་གྱི་ཡོད། ཨ་རབ་མཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་བརྟན་པོ་དང་སྐྱོན་བྲལ་ངང་འཕར་སྣོན་འགྲོ་བཞིན་པ་མ་ཟད་གོང་འཕེལ་མགྱོགས་སུ་འགྲོ་བའི་འཕེལ་ཕྱོགས་ཐོན་ཡོད། ཀྲུང་གོར་གཞི་ཁྱོན་ཤིན་ཏུ་ཆེ་བའི་མི་ཤུགས་ཐོན་ཁུངས་དང་རྒྱ་ཆེ་བའི་ཁྲོམ་རའི་གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད་པས། ཨ་རབ་མཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ལ་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ཁྲོད་ནས་ཕན་པ་མང་པོ་ཞིག་ཐོབ་ཡོད་ཅེས་བརྗོད་ཡོད།

  ཅིར་ཅི་སི་སི་ཐན་རྒྱལ་ཚོགས་ཀྱི་གྲོས་མི་ཁ་ལི་མུའུ.ཧན་ཅེ་བཀྲ་ཡིས། ཐེངས་གཅིག་ང་ཀྲུང་གོར་བསྐྱོད་སྐབས། བསྐྱོད་རོགས་མི་སྣས་ང་ལ་ས་ཆ་ཞིག་ལ་ལོ་གཉིས་པར་འཛུགས་སྐྲུན་མང་པོ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། ལོ་གཅིག་གི་རྗེས་ང་རང་སླར་ཡང་དེར་བསྐྱོད་སྐབས། ཐོགས་བརྩེགས་ཁང་ཆེན་མང་པོ་གནས་དེ་གར་གྱིང་ངེར་ལངས་ནས་ཡོད་པ་དང་། མིག་མདུན་དུ་གོང་འཕེལ་དངོས་དངོས་རྗེན་རྗེན་མཐོང་རྒྱུ་འདུག ཀྲུང་གོས་ལས་ཕྱོད་མཐོ་པོས་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་ཐུབ་པ་དེ་ནི། ཀྲུང་གོ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་བཟང་ཆ་དེ་རེད་ཅེས་བརྗོད་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ལ་གོ་སྐབས་དེ་བས་མང་བ་སྦྱིན་ཐུབ་རྒྱུར་རྒྱལ་ཁབ་མང་པོའི་མི་སྣས་རེ་སྒུག་བྱེད་པ།

ཀྲུང་གོས་ལས་ཕྱོད་མཐོ་པོས་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་ཐུབ་པ་དེ་ནི། ཀྲུང་གོ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་བཟང་ཆ་དེ་རེད་ཅེས་བརྗོད་ཡོད།