ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་དམག་གིས་ཀ་ཧྲ་ས་རྒྱུད་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད་དུ་འབར་མདེལ་འབོར་ཆེན་དབྱུག་པས་ཉུང་མཐར་ཡང་མི་51རྐྱེན་ལམ་དུ་བཏང་ཡོད་པ།

2024-02-21 17:13:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   ཕ་ལི་སི་ཐན་གསར་འགྱུར་ཁང་གིས་ཚེས་20ཉིན་གནས་ཚུལ་སྤེལ་ནས། ཉིན་དེར་དབྱི་སི་རལ་དམག་གིས་ཀ་ཧྲ་ས་རྒྱུད་ཀྱི་གྲོང་ཁྱེར་དང་དེའི་ཉེ་འགྲམ་ས་ཁུལ་དུ་མཁའ་ཐོག་ནས་འཇབ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་ས་ངོས་ནས་མེ་སྒྱོགས་འབོར་ཆེན་འཕེན་པས། མིག་སྔར་ཉུང་མཐར་ཡང་མི་51རྐྱེན་ལམ་དུ་བཏང་ཡོད་པ་རེད། དབྱི་སི་རལ་དམག་གིས་འབར་མདེལ་འབོར་ཆེན་དབྱུག་པ་དང་། སྨན་བཅོས་ཐོན་ཁུངས་བཀོན་པའི་ཤུགས་རྐྱེན་གྱིས། ཀ་ཧྲ་ས་རྒྱུད་ཀྱི་སྨན་ཁང་མང་པོ་ཞིག་གིས་རྨས་སྐྱོན་ཕོག་པའི་མི་སྣར་མུ་མཐུད་སྨན་བཅོས་བྱེད་ཐབས་བྲལ་བར་གྱུར་ཡོད་ཅེས་བསྟན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་20ཉིན་ཨར་ཅི་རི་ཡས་བཏོན་པའི་ཀ་ཧྲ་ཡི་དུས་བབ་ཀྱི་གྲོས་ཆོད་གསར་པའི་འཆར་ཟིན་སྐོར་ལ་བརྡས་ཐག་གཅོད་སྐབས་རྒྱུན་ལས་ལས་འཛིན་རྒྱལ་ཁབ་སྟེ་ཨ་རིའི་མོས་མཐུན་ཐོབ་མེད་པ་རེད། ཨར་ཅི་རི་ཡས་བཏོན་པའི་གྲོས་ཆོད་འཆར་ཟིན་ནང་། ཕྱོགས་ཁག་གིས་འཕྲལ་དུ་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་རྒྱུའི་རེ་བ་བཏོན་ཡོད། གཞན་ཡང་། གྲོས་ཆོད་འཆར་ཟིན་ནང་གཏའ་མར་བཞག་པའི་མི་སྣ་གློད་དཀྲོལ་གཏོང་དགོས་པ་དང་། ལྷོ་ཨ་ཧྥི་རི་ཁ་ཡིས་རྒྱལ་སྤྱིའི་ཁྲིམས་ཁང་ནང་དབྱི་སི་རལ་ཐེར་འདོན་ཞུ་གཏུག་བྱ་རྒྱུའི་སྐོར་གླེང་བ། རྒྱལ་སྤྱིའི་བཅའ་ཁྲིམས་ལས་བརྒལ་བའི་བྱ་སྤྱོད་ལ་ངེས་པར་དུ་འགན་འཁྲི་བདའ་འདེད་གཏོང་དགོས་པའི་ནན་བཤད་བྱེད་དགོས་པའི་རེ་བ་བཏོན་ཡོད། རྒྱལ་ཁབ་མང་པོས།  ཨ་རིས་མོས་མཐུན་མ་བྱས་པའི་དབང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སླར་ཡང་ཀ་ཧྲ་དང་འབྲེལ་ཡོད་ཀྱི་གྲོས་ཆོད་ལ་གྲོས་འཆམ་མ་བྱུར་བར་ཕམ་སེམས་སྐྱེས་ཡོད་པ་རེད།

 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

དབྱི་སི་རལ་དམག་གིས་ཀ་ཧྲ་ས་རྒྱུད་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད་དུ་འབར་མདེལ་འབོར་ཆེན་དབྱུག་པས་ཉུང་མཐར་ཡང་མི་51རྐྱེན་ལམ་དུ་བཏང་ཡོད་པ།

ཨ་རིས་མོས་མཐུན་མ་བྱས་པའི་དབང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སླར་ཡང་ཀ་ཧྲ་དང་འབྲེལ་ཡོད་ཀྱི་གྲོས་ཆོད་ལ་གྲོས་འཆམ་མ་བྱུར་བར་ཕམ་སེམས་སྐྱེས་ཡོད་པ་རེད།