ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡེ་མོན་ཧུའུ་སའེ་དྲག་ཤོག་གིས་ཨ་རིའི་དམག་གྲུ་འབོར་ཆེན་དང་དེ་བཞིན་དབྱི་སི་རལ་ལྷོ་རྒྱུད་གྲོང་ཁྱེར་སོགས་དམིགས་འབེན་མང་པོར་འཇབ་རྒོལ་བྱས་ཡོད་པ་དང་། ཧུའུ་སའེ་དྲག་ཤོག་གིས་ཨ་རིའི་དམག་གི་མི་མེད་གནམ་གྲུ་གཅིག་གཏོར་ལྷུངས་བཏང་ཡོད་ཅེས་བསྟན་པ།

2024-02-21 17:13:00     责编:娜科

 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   ཡེ་མོན་ཧུའུ་སའེ་དྲག་ཤོག་གི་མགྲིན་ཚབ་པས་ཚེས་20ཉིན་གསལ་བསྒྲགས་སྤེལ་ནས། ཧུའུ་སའེ་དྲག་ཤོག་གིས་མི་མེད་གནམ་གྲུ་མང་པོ་སྤྱད་ནས་རྒྱ་མཚོ་དམར་པོ་དང་ཨ་རབ་མཚོ་ཐོག་གི་ཨ་རིའི་དམག་གྲུ་མང་པོར་འཇབ་རྒོལ་བྱས་ཡོད་པ་དང་། ད་དུང་མི་མེད་གནམ་གྲུ་འབོར་ཆེན་སྤྱད་ནས་དབྱི་སི་རལ་ལྷོ་རྒྱུད་གྲོང་ཁྱེར་ཨེ་ལ་ཐེ་ལ་འཇབ་རྒོལ་བྱས་ཡོད་ཅེས་བརྗོད་ཡོད། གཞན་ཡང་། ཧུའུ་སའེ་དྲག་ཤོག་གིས་ད་དུང་། ཡ་ཏིང་མཚོ་ཁུག་ཉེ་འགྲམ་གྱི་དབྱི་སི་རལ་གྲུ་གཟིངས་གཅིག་ལ་འབར་མདེལ་མང་པོ་འཕེན་ནས་འཇབ་རྒོལ་བྱས་པ་ཡིན་ཞེས་བརྗོད་ཡོད། ཨ་རིའི་དཔོན་རིགས་གཅིག་གིས་ཚེས་20ཉིན་ ཧུའུ་སའེ་དྲག་ཤོག་གིས་ཡེ་མོན་ཉེ་འགྲམ་དུ་འཕུར་སྐྱོད་བྱེད་བཞིན་པའི་ཨ་རིའི་དམག་གི་མི་མེད་གནམ་གྲུ་གཅིག་གཏོར་ལྷུངས་བཏང་ཡོད་པ་ར་སྤྲོད་བྱས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཡེ་མོན་ཧུའུ་སའེ་དྲག་ཤོག་གིས་ཨ་རིའི་དམག་གྲུ་འབོར་ཆེན་དང་དེ་བཞིན་དབྱི་སི་རལ་ལྷོ་རྒྱུད་གྲོང་ཁྱེར་སོགས་དམིགས་འབེན་མང་པོར་འཇབ་རྒོལ་བྱས་ཡོད་པ་དང་། ཧུའུ་སའེ་དྲག་ཤོག་གིས་ཨ་རིའི་དམག་གི་མི་མེད་གནམ་གྲུ་གཅིག་གཏོར་ལྷུངས་བཏང་ཡོད་ཅེས་བསྟན་པ།

ཧུའུ་སའེ་དྲག་ཤོག་གིས་ཡེ་མོན་ཉེ་འགྲམ་དུ་འཕུར་སྐྱོད་བྱེད་བཞིན་པའི་ཨ་རིའི་དམག་གི་མི་མེད་གནམ་གྲུ་གཅིག་གཏོར་ལྷུངས་བཏང་ཡོད་པ་ར་སྤྲོད་བྱས་ཡོད།