ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལོ་ངོ་10བརྒལ་བའི་གཏམ་བཤད་ཀྱིས་གནད་འགག་གི་ཆ་འཕྲིན་འདི་དག་བརྒྱུད་སྤྲོད་བྱས་ཡོད།

2023-10-23 16:20:00     责编:桑吉卓玛

སྤྱི་ལོ་2013ལོའི་ཟླ་9པར་ཧ་སག་སི་ཐན་གྱི་ན་ཀྲ་ཨར་པ་ཡེ་ཧྥུའུ་སློབ་ཆེན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་སྒོ་ནས། ངའི་ཕ་ཡུལ་ཧྲའན་ཞི་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་འགོ་འཛུགས་སར་གནས་ཡོད། འདི་ནས་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། རི་ཁྲོད་ནས་རྔ་མོང་སྐེ་ལ་བཏགས་པའི་དྲིལ་ཆུང་གི་བྲག་ཅ་ཐོས་པའི་སྣང་བ་ཡོང་གི་འདུག་ལ། མཐོང་སྣང་དུ་བྱེ་ཐང་གི་ཁྲོད་མེ་བཏང་བའི་དུ་བ་ལྷོག་ལྷོག་ཏུ་འཕྱུར་བ་ལྟ་བུ་མཐོང་གི་འདུག་ཅེས་གསུངས།

ཟླ་10པར་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་སུ་ཁོང་གིས། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་། རྒྱང་རིང་མཐའ་ཡས་པའི་རྒྱ་མཚོ་ཆེན་པོ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་བྱེད་པའི་འགོག་རྐྱེན་དུ་གྱུར་མེད་པར་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་འབྲེལ་མཐུད་བྱེད་པའི་མཛའ་མཐུན་གྱི་འབྲེལ་ཐག་ཏུ་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་ཚོང་འགྲུལ་གྲུ་གཟིངས་འགྲོ་འོང་བྱེད་རིང་། ཕན་ཚུན་ཚོང་ཟོག་བརྗེ་རེས་དང་མཛའ་བརྩེ་སྤེལ་རེས་བྱེད་ཀྱི་ཡོད་ཅེས་གསུངས།

ལོ་10ཡི་རིང་དྲོ་སོབ་སོབ་ཀྱི་བཀའ་མོལ་དེ་དག་འཛམ་གླིང་གི་རྒྱལ་ཁབ་3/4ལས་བརྒལ་བར་ཁྱབ་ཅིང་། མིང་གཅིག་དང་གྲོས་འགོ་གཅིག མཉམ་ལས་སྟེགས་བུ་གཅིག་སྟེ། རྒྱུད་གཅིག་ལམ་གཅིག་ཅེས་པར་གྱུར་ཡོད།

2023ལོའི་ཟླ་10ཚེས་18ཉིན། སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་པེ་ཅིང་དུ་འགོ་ཚུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་བརྗོད་དུ། སྒོ་དབྱེ་ཁོང་ཡངས་དང་། མཉམ་འབྲེལ་མཉམ་མཐུད། ཐུན་མོང་གོང་འཕེལ་གྱི་འཛམ་གླིང་བསྐྲུན་ཞེས་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
ལོ་ངོ་10བརྒལ་བའི་གཏམ་བཤད་ཀྱིས་གནད་འགག་གི་ཆ་འཕྲིན་གང་དག་བརྒྱུད་སྤྲོད་བྱས་ཡོད།

2017ལོའི་ཟླ་དང་པོར། སུའེ་ཙེར་གྱི་གྲོང་རྡལ་ཏ་ཝོ་སི་རུ། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་འཛམ་གླིང་སྐྱེ་བའི་སྤྱན་ལམ་དུ་བཤམས་ཡོད།

གླེང་སྟེགས་འདི་གཉེར་དོན་གང་ཡིན་ནམ། ཀྲུའུ་ཞི་ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་དང་ས་ཁོངས་དཔལ་འབྱོར་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད་ཇུས་གཞི་འཚོལ་བ་དང་། མཉམ་འགུལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་ནུས་ཤུགས་གསར་པ་བསྣན་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་ཐུབ་ཆེད་རེད་ཅེས་གསུངས་པ་རེད།

མིང་གི་མདུན་དུ་སྐབས་དང་པོའམ་ཐེངས་དང་པོ་ཞེས་པའི་མིང་བཏགས་མེད་པ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ཇི་བཞིན། ང་ཚོས་མ་གཞི་གླེང་སྟེགས་སྐབས་གཉིས་པ་འཚོག་རྒྱུའི་གཏན་འཁེལ་བྱས་མེད། འོན་ཀྱང་ད་དུང་མཇུག་བསྡུ་མི་ཐུབ་པ་འདྲ། འབྱུང་འགྱུར་ད་དུང་མུ་མཐུད་གཉེར་རྒྱུ་ཡིན། དེ་ཐོག་ནས་རྒྱུད་གཅིག་ལམ་གཅིག་ཉིན་བཞིན་མི་སེམས་སུ་ཟུག་པ་མཚོན་ཡོད།

ད་ཆ་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་སླེབས་སྐབས། རྒྱལ་ཁབ་151དང་རྒྱལ་སྤྱིའི་རྩ་འཛུགས་41གི་འཐུས་མི་མཉམ་དུ་འཛོམས་ནས་ཚོགས་འདུ་གཟབ་རྒྱས་འཚོགས་པ་དང་། ལོ་བཅུའི་རིང་གི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བརྒྱུད་དེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བཞི་ཆ་གསུམ་ལས་བརྒལ་བའི་ཡིད་དབང་བཀུག་པ་དང་། དེའི་ནང་ཞུགས་ཡོད་ཅིང་། ཨ་སྒོར་དུང་ཕྱུར་ཁྲི་ལ་ཉེ་བའི་མ་དངུལ་འཇོག་ཁྱོན་ཆགས་པ། མཉམ་ལས་རྣམ་གྲངས་3000ལྷག་གྲུབ་པ། མཉམ་སྐྲུན་རྒྱལ་ཁབ་ལ་ལས་གནས་ཁྲི་42བསྐྲུན་པ། མི་ཁྲི་4000དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་བཅས་བྱས་ཡོད།

དངོས་གནས་དྲང་གནས་དང་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཀྱི་མདུན་དུ། ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་དགའ་བསུའི་གསོལ་སྟོན་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་མང་ཤོས་ནི་འཛུགས་སྐྲུན་པ་དང་དེར་ཞུགས་མཁན་རྣམས་བལྟས་ཚོད་ལ་ལས་སླ་པོར་སྣང་ཡང་དོན་དུ་དཀའ་ཚེགས་ཆེན་པོ་བྱུང་བའི་སྐོར་རེད།

དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་40ལྷག་ཙམ་ཟིན་པའི་ཝུའུ་ཙི་པིའེ་ཁེ་སི་ཐན་དུ། ཁོང་ཚོས་དུས་ཐུང་ལོ་3གྱི་དུས་ཚོད་སྤྱད་དེ་ཁ་མུའུ་ཆི་ཁེའི་ཕུག་ལམ་ཤར་གཏོང་ཐུབ་པ་བྱས་པ་དང་། དེ་ནི་ལས་ཡུན་ལོ་22ཐུང་དུ་བཏང་བ་ཞིག་རེད། སེ་ནེ་ཀལ་དུ་ས་རིམ་31དྲུས་ནས་ཁྲོན་པ་འདྲུ་རྒྱུ་ལེགས་གྲུབ་བྱུང་རྗེས། ཁོང་ཚོ་ཆེད་མངགས་དེ་གར་བསྡད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་ས་ཆ་དེ་བས་མང་བའི་ཆུ་འཐུང་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ཀྲུང་གོ་དང་ལོ་སེའི་ཁུན་ཝན་ལྕགས་ལམ་བཟོ་སྐྲུན་གྱི་མཇུག་བསྡུ་བའི་དུས་རིམ་དུ། ཁོང་ཚོས་སླར་ཡང་ལོས་སེ་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་འཛུགས་སྐྲུན་བྱེད་རོགས་བྱས་པ་དང་། ཁག་བགོས་ནས་དགེ་རྒན་མངགས་གཏོང་བྱས་ཏེ་སློབ་གསོའི་རོགས་སྐྱོར་བྱས་ཡོད།

ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག གྲུབ་འབྲས་དེ་དག་ནི་གནམ་ནས་ལྷུང་བ་ཞིག་མིན་ལ་མི་སུ་འདྲ་ཞིག་གིས་སྦྱིན་པ་བཏང་བ་ཞིག་ཀྱང་མིན་པར་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། ཁེ་ལས། མི་དམངས་བཅས་ཀྱིས་བརྩོན་འགྲུས་དང་། བློ་གྲོས། བློ་སྟོབས་བཅས་ལ་བརྟེན་ནས་ཐོབ་པ་ཞིག་རེད། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཞུགས་མཁན་དང་འཛུགས་སྐྲུན་པ་ཡོངས་ལ་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཚེས་17ཉིན་ནས་ཚེས་20ཉིན་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་26དང་མཇལ་འཕྲད་གནང་བ་རེད། གྲོགས་པོ་དང་། རོགས་པ། སྤུན་ཟླ་ཞེས་པ་བཅས་ནི་ཧ་ལམ་གླེང་མོལ་གནང་རེ་བཞིན་ཐོན་ཐ་སྙད་རེད།

ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་། ནི་ཀྲེ་རི་ཡའི་ཙུང་ཐུང་གཞོན་པ་ཞེ་ཏི་མ་། ཐེ་ལན་གྱི་ཙུང་ལི་སའེ་ཐ། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་བཅས་ནི་འགན་བཞེས་རྗེས་ཀྲུང་གོར་འཚམས་འདྲིར་ཕེབས་ཐེངས་དང་པོ་ཡིན་པ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི། ཝུའུ་ཙི་པིའེ་ཁེ་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཧྥུ་། ཧང་ག་རིའི་ཙུང་ལི་ཨོའུ་ཨེར་པན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་བཅས་ནི་བསྟུད་མར་སྐབས་གསུམ་གྱི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པ་ཡིན་ཏེ། འདི་ནི་གྲོགས་པོ་རྙིང་བ་དང་གྲོགས་པོ་གསར་པའི་དབར་གྱི་ལེ་དབར་སྟོང་གི་ཐུག་འཕྲད་ཅིག་རེད་ཅེས་བཤད་ནའང་ཆོག
མཛའ་བརྩེ་ལ་གཅེས་སྤྲས་དང་། མཛའ་མཐུན་གྱི་མཉམ་ལས་ནི་ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དག་ལ་ལོ་ངོ་བཅུའི་རིང་ཐོབ་པའི་རྩ་ཆེའི་ཉམས་མྱོང་དེ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོའི་གཏམ་བཤད་ནང་ཕྱོགས་སྡོམ་གནང་བ་ལྟར།
ཀྲུང་གོས་ཕྱི་ཕྱོགས་ལ་མ་འཇོག་བྱས་པ་ཡིན་ནའང་འདྲ། ཡང་ན་ཕྱི་རྒྱལ་གྱིས་ཀྲུང་གོར་མ་འཇོག་བྱས་པ་ཡིན་ནའང་འདྲ། ཚང་མའི་ཐོག་ནས་མཛའ་གྲོགས་དང་མཉམ་ལས་མངོན་པ་དང་ཡིད་ཆེས་དང་རེ་བ་མཚོན་གྱི་ཡོད།

ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེས་རྒྱལ་ཁབ་ཁག་གི་མཛའ་གྲོགས་འགྲོ་འོང་ཐད་སྐར་ཁུང་གསར་པ་ཞིག་བཏོད་པ་དང་། འཛམ་གླིང་གིས་ཚོང་དོན་འགྲོ་འོང་དེ་བས་དམ་ཟབ་དང་རིག་གནས་སྤེལ་རེས་དེ་བས་མང་བའི་ཁྲོད། ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་སྣོལ་འདྲེས་སྤེལ་རེས། མཐུན་སྒྲིལ་མཉམ་དར་བཅས་ཀྱི་ཞི་མཐུན་མཛེས་སྡུག་ཅིག་མངོན་པར་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཕ་དབྱིའི་གདོང་ཐུག་ནང་མི6000ལྷག་འཆི་རྨས་བྱུང་ཞིང་པའེ་ཏེང་གིས་་

ང་རང་གིས་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དབྱི་སི་རལ་གྱི་སྲིད་གཞུང་དང་མི་དམངས་ལ་གང་ཐུབ་ཅི་ཐུབ་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན།

中央广播电视总台 央广网 版权所有

ལོ་ངོ་10བརྒལ་བའི་གཏམ་བཤད་ཀྱིས་གནད་འགག་གི་ཆ་འཕྲིན་འདི་དག་བརྒྱུད་སྤྲོད་བྱས་ཡོད།

སྤྱི་ལོ་2013ལོའི་ཟླ་9པར་ཧ་སག་སི་ཐན་གྱི་ན་ཀྲ་ཨར་པ་ཡེ་ཧྥུའུ་སློབ་ཆེན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་སྒོ་ནས། ངའི་ཕ་ཡུལ་ཧྲའན་ཞི་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་འགོ་འཛུགས་སར་གནས་ཡ