ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལྗར་པན་དུ་བཅའ་སྡོད་ཨ་རིའི་མཚོ་དམག་ལ་སླར་ཡང་གནས་ཚུལ་ཐོན་འདུག

2023-05-26 15:53:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལྗར་པན་དུ་བཅའ་སྡོད་ཨ་རིའི་མཚོ་དམག་ལ་སླར་ཡང་གནས་ཚུལ་ཐོན་འདུག སྤྱི་ཚེས་25ཉིན་ཨ་རིའི་མཚོ་དམག་གིས། དེའི་གོང་ལྗར་པན་ཧེང་ཤུའི་ཧེ་གྲུ་ཁར་བཞག་པའི་ལོ་ན་ཏེ་ལི་ཀེན་རྟགས་ཅན་གྱི་གྲུ་གཟིངས་ཨ་མའི་སྟེང་གི་ཆུ་དམག་ཁ་ཤས་ལ་བརྟག་དཔྱད་བྱས་ཟིན་པ་ཁྱབ་བསྒྲགས་བྱས་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་དམག་དེ་དག་གིས་དུག་རྫས་བེད་སྤྱོད་བྱས་པ་དང་ལྐོག་འདྲེན་བྱེད་པའི་དོགས་པ་ཡོད། ཡིན་ནའང་། ཨ་རིའི་ཕྱོགས་ནས་བརྟག་དཔྱད་ཚར་མེད་པར་ཁ་གཡར་ནས། དོན་དེ་དང་འབྲེལ་ཡོད་ཆུ་དམག་ག་ཚོད་ཡོད་མེད་དང་ཁོ་ཚོས་དུག་རྫས་གང་དག་ལྐོག་འདྲེན་བྱས་པའི་དོགས་པ་ཡོད་པ་སྦ་གསང་བྱས་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ལྗར་པན་དུ་བཅའ་སྡོད་ཨ་རིའི་མཚོ་དམག་ལ་སླར་ཡང་གནས་ཚུལ་ཐོན་འདུག

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལྗར་པན་དུ་བཅའ་སྡོད་ཨ་རིའི་མཚོ་དམག་ལ་སླར་ཡང་གནས་ཚུལ་ཐོན་འདུག སྤྱི་ཚེས་25ཉིན་ཨ་རིའི་མཚོ་དམག་གིས། དེའི་གོང་ལྗར་པན་ཧེང་ཤུའི་ཧེ་གྲུ་ཁ