ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཧེ་ཧྲེས་ཡུག་རེན་ལ་ཕྱོགས་པའི་མི་སྣས་པེ་ཞི་དོན་རྐྱེན་གྱི་བཤད་ཚུལ་དེ་ཁུངས་ལུང་མེད་པ་རང་རེད་ཅེས་བསྟན་པ།

2023-03-20 13:49:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་སྤྱི་ཟླ་2པར། ཨ་རིའི་གསར་འགོད་པ་ཧེ་ཧྲེས་ཨ་རིས་པེ་ཞི་སྦུག་ལམ་གྱི་འབར་གས་ལ་འཆར་འགོད་བྱེད་པའི་སྐོར་གྱི་རྩོམ་ཡིག་བྲིས་ནས་དེའི་རྣམ་པ་དམར་རྗེན་དུ་བཏོན་ཡོད། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་18ཉིན། ཀྲུང་དབྱངས་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ཧེ་ཧྲེར་བརྙན་ཐུང་ཐོག་ནས་ཁེར་རྐྱང་གི་བཅར་འདྲི་བྱས་ཡོད། བཅར་འདྲིའི་ནང་། ཧེ་ཧྲེས། ཡུག་རེན་ལ་ཕྱོགས་པའི་མི་སྣས་སྦྲོ་གསེང་གྲུ་གཟིངས་སྤྱད་ནས་པེ་ཞིའི་འབར་གས་དོན་རྐྱེན་བཟོས་ཡོད་ཟེར་བའི་བཤད་ཚུལ་དེ་ཁུངས་ལུང་མེད་པ་རང་རེད་ཅེས་བཤད་འདུག

ཧེ་ཧྲེས། ངས་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་བསམ་བློ་གང་འདྲ་བཏང་མིན་ཤེས་མ་སོང་། ཡིན་ནའང་གང་འདྲ་བྱས་ཀྱང་། ངས་བྱས་ན་སྒྲུང་དེ་སྙན་པོ་མིན་འདུག དེ་ནི་ཧ་ཅང་ལྐུག་རྟགས་ཆེ་བའི་སྒྲུང་རེད་ཅེས་དང་། ཧེ་ཧྲེས། ཕོ་བྲང་དཀར་པོར་ཐོན་ཁུངས་ཆེན་པོ་ཡོད་པས་གསང་རྟགས་མང་པོ་དང་གསང་འཕྲིན་མང་པོ་ཞིག་བཀག་འགོག་ཐུབ་པ་དང་སྒྲུབ་འདོད་པའི་དོན་མང་པོ་བསྒྲུབ་ཆོག དེའི་ནང་ཡང་སྙིང་སུས་པེ་ཞིའི་འབར་གས་དོན་རྐྱེན་བཟོས་པ་བརྟག་དཔྱད་བྱས་པ་ཡང་ཚུད་ཡོད། ཡིན་ནའང་། ཕོ་བྲང་དཀར་པོས་སུ་ཞིག་ལ་འདྲི་མ་མྱོང་ལ་དོན་གང་ཡང་སྒྲུབ་མ་མྱོང་། དེའི་རྒྱུ་རྐྱེན་དེ་ཨ་རིའི་ཕྱོགས་ནས་དོན་དེའི་ཡོང་ལུགས་ཡོང་སྟངས་ཤེས་པ་མ་ཟད་རང་ཉིད་དེའི་ནང་ཞུགས་མེད་ཅེས་ཨུ་ཚུགས་མཐའ་སྐྱེལ་བྱས་ཡོད་ཅེས་བསྟན་འདུག

中央广播电视总台 央广网 版权所有

ཧེ་ཧྲེས་ཡུག་རེན་ལ་ཕྱོགས་པའི་མི་སྣས་པེ་ཞི་དོན་རྐྱེན་གྱི་བཤད་ཚུལ་དེ་ཁུངས་ལུང་མེད་པ་རང་རེད་ཅེས་བསྟན་པ།

ཕོ་བྲང་དཀར་པོས་སུ་ཞིག་ལ་འདྲི་མ་མྱོང་ལ་དོན་གང་ཡང་སྒྲུབ་མ་མྱོང་། དེའི་རྒྱུ་རྐྱེན་དེ་ཨ་རིའི་ཕྱོགས་ནས་དོན་དེའི་ཡོང་ལུགས་ཡོང་སྟངས་ཤེས་པ་མ་ཟད་རང་ཉིད་དེའི་ནང་ཞུགས་མེད་ཅེས་ཨུ་ཚུགས་མཐའ་སྐྱེལ་བྱས་ཡོད་ཅེས་བསྟན་འདུག