ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་དབུ་ཚོགས་ཡ་མེ་ཉི་ཡར་འཚོགས་པ།

2022-11-24 11:17:00     责编:桑吉卓玛
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་11ཚེས་23ཉིན། མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཀྱི་དབུ་ཚོགས་དེ་ཡ་མེ་ཉི་ཡའི་རྒྱལ་ས་ཨའེ་ལི་ཝན་དུ་སྐོང་འཚོགས་བྱས་ཡོད། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་། པེ་ཨུ་རུ་སུའི་ཙུང་ཐུང་ལུ་ཁ་ཧྲེན་ཁེ། ཡ་མེ་ཉི་ཡའེ་ཙུང་ལི་ཕ་ཞི་ཉི་ཡ། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ། ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་བཀྲ་ཕ་ལོ་ཧྥུ་བཅས་དབུ་ཚོགས་ལ་ཞུགས་ཡོད་པ་རེད། 
རྒྱལ་ཁབ་ཁག་གི་གཙོ་བདག་ནས་མགྲིན་གཅིག་ཏུ་ཧ་སག་སི་ཐན་གྱི་འཐུས་མི་དབྱི་མའེ་ཅ་ལི་•ཐ་སི་མ་ཅ་མུ་པེ་ཐོ་ཧྥུ་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཀྱི་དྲུང་ཆེར་བསྐོ་བཞག་བྱ་རྒྱུའི་ཐག་བཅད་ཡོད། བསྐོ་གཞག་དེ་སྤྱི་ལོ་2023ལོའི་ཟླ་1ཚེས་1ཉིན་ནས་གོ་ཆོད་རྒྱུ་དང་འགན་ཡུན་ལོ་གསུམ་ཡིན་པ་རེད།
ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་དབུ་ཚོགས་རིང་། མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་དབར་གྱི་དམག་དོན་མཉམ་ལས་རྒྱ་ཆེར་གཏོང་བཞིན་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་མཉམ་འབྲེལ་བྱ་སྤྱོད་ཀྱིས་ཐུན་མོང་ཐོག་འཇིགས་སྐུལ་རིང་ལུགས་དང་། ཐལ་སྐྱོད་རིང་ལུགས། རྒྱལ་ཁོངས་བརྒལ་ནས་ཉེས་གསོག་སོགས་ས་ཁུལ་གྱི་བརྟན་ལྷིང་ལ་གནོད་འཚེ་བཟོ་བའི་རྒྱུ་རྐྱེན་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བསྟན་འདུག
ཕུ་ཅིང་གིས། མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་དཔུང་སྡེས་ཧ་སག་སི་ཐན་དུ་སྤེལ་བའི་བྱ་སྤྱོད་ལ་ཉམས་མྱོང་ཕྱོགས་བསྡོམས་བྱས་རྗེས། ཨུ་རུ་སུས་དཔུང་སྡེ་དེ་ཚོར་དེང་རབས་ཅན་གྱི་གོ་མཚོན་སྒྲིག་སྦྱོར་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བསྟན་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་དབུ་ཚོགས་ཡ་མེ་ཉི་ཡར་འཚོགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་11ཚེས་23ཉིན། མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཀྱི་དབུ་ཚོགས་དེ་ཡ་མེ་ཉི་ཡའི་རྒྱལ་ས་ཨའེ་ལི་ཝན་དུ་སྐོ