ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སོ་མ་ལི་རུ་རང་སྲོག་གཅོད་པའི་འགད་རྫས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།

2022-01-19 10:55:00     责编:sangjzm

སོ་མ་ལི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། རྒྱལ་ས་མའོ་ཀ་ཏེ་ཧྲ་རུ་ཉིན་དེའི་དགོང་མོར་རང་སྲོག་གཅོད་པའི་འགད་རྫས་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ལ་རྨས་ཕོག

མིང་བཤད་མི་འདོད་པའི་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་མའོ་ཀ་ཏེ་ཧྲའི་དམག་སྒར་ཞིག་གི་ཉེ་འདབས་ཀྱི་ཟ་ཁང་དུ་ལུས་སྟེང་གི་འགད་རྫས་འགས་གཏོར་བཏང་སྟེ་མི་མང་པོ་ཤི་རྨས་བཟོས་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འགད་རྫས་འགས་གཏོར་བཏང་བ་ལས་ཟ་ཁང་གི་ཁང་ཀླད་ལ་གཏོར་གཤིག་ཐེབས་པ་དང་། བདེ་འཇགས་དམག་དཔུང་ཡུལ་དངོས་སུ་འབྱོར་ཏེ་རོགས་སྐྱོར་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ཟེར།

ཐལ་སྤྱོད་རྩ་འཛུགས་སོ་མ་ལི་ན་གཞོན་ཏང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་པ་དང་། འཇབ་རྒོལ་གྱི་དམིགས་འབེན་ནི་ཟ་ཁང་དུ་ཡོད་པའི་སོ་མ་ལིའི་དམག་མི་ཡིན་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

འཛམ་གླིང་སྐར་ཁུངས།

▶ས་འདིར་ཁ་བ་ཆེན་པོ་བབས་ཏེ་མི་22རྐྱེན་ལམ་དུ་ཤོར་འདུག

ཕྱོགས་གཞན་ཞིག་ནས། དུས་གཅིག་ལ་ཡུལ་སྐོར་དུ་སྐྱོད་མཁན་མང་བས་ས་གནས་དེའི་མགྲོན་ཁང་མ་འདང་བ་དང་། མི་མང་པོ་ཞིག་གིས་རླངས་འཁོར་ནང་དྲོད་རླངས་བཏང་སྟེ་མཚན་སྐྱེལ་བས་མི་ལ་ལར་དབྱང་གཅིག་ཐན་རྫས་ཀྱི་དུག་ཕོག་སྟེ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། དེ་མིན་ས་གནས་དེ་གའི་གྲོང་མི་ཚོར་ཡང་གནད་དོན་ཚབས་

中央广播电视总台 央广网 版权所有