ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་གྱི་གྲོས་མོལ་ལ་དུས་ཚོད་མང་པོ་དགོས་ཞེས་བཤད་པ་དང་། ཡུག་རེན་ཕྱོགས་ཀྱིས་དམག་མཚམས་འཇོག་རྗེས། མངའ་ཁོངས་ཀྱི་གནད་དོན་ཕུད། “རྣམ་པ་གང་རུང་གི་ཐོག་ནས་”གྲོས་མོལ་བྱེད་འདོད་ཡོད་ཅེས་བསྟན་པ།

2025-04-23 16:52:00     责编:卓玛才让
འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་22ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་གྲོས་མོལ་བྱེད་པར་དུས་ཚོད་མང་པོ་དགོས་ཤིང་མིག་སྔར་ཛ་དྲག་གི་ལས་ཀ་བྱེད་བཞིན་ཡོད་ཅེས་བཤད་པ་རེད། གསར་འགྱུར་ཚན་པ་ཞིག་གིས་ཨུ་རུ་སུའི་གསར་འགྱུར་མི་སྣའི་སྐད་ཆ་དྲངས་ནས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མིག་སྔའི་གདོང་ཐུག་བྱ་ཡུལ་ལ་གཞིགས་ནས་གདོང་ཐུག་མཚམས་འཇོག་བྱེད་དགོས་པའི་གྲོས་འགོ་བཏོན་པ་དང་། ཟླ་བ་4པའི་ཟླ་འགོར་ཕུའུ་ཅིང་གིས་ཨ་རིའི་དམིགས་བསལ་ཕོ་ཉ་ཝུའེ་ཐེ་ཁོ་ཕུའུ་ལ་གྲོས་འགོ་དེ་བཏོན་ཡོད། འོན་ཀྱང་ཕེ་སི་ཁོ་ཕུའུ་ཡིས་མིག་སྔར་གནས་ཚུལ་རྫུན་མ་མང་པོ་ཞིག་ཁྱབ་བསྒྲགས་བྱས་འདུག  གནས་ཚུལ་འདི་འདྲའི་འོག ཆ་འཕྲིན་གྱི་ཁུངས་སྣེ་དང་པོ་ནས་ཐོན་པའི་སྐད་སྒྲ་ཁོ་ནར་ཉན་དགོས་ཞེས་བསྟན་ཡོད་པ་རེད། 
སྤྱི་ཚེས་22ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་གསར་འགྱུར་ཚན་པར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་རྗེས། ཡུག་རེན་ཕྱོགས་ཀྱིས་“རྣམ་པ་གང་རུང་གི་ཐོག་ནས་”གྲོས་མོལ་བྱེད་པའི་སྒྲོག་ཙེའི་མདུན་དུ་སྡོད་འདོད་ཡོད། འོན་ཀྱང་བཙན་བཟུང་བྱས་པའི་མངའ་ཁོངས་ཨུ་རུ་སུར་དབང་བ་ནམ་ཡང་ཁས་ལེན་བྱེད་མི་སྲིད་ཅེས་བསྟན་ཡོད་པ་རེད།
ཙེ་ལན་སི་ཅིས་ཉིན་དེར་ད་དུང་ལོན་ཏོན་དུ་ཡོད་པའི་ཡུག་རེན་ཚོགས་པར་ཕྱོགས་ཡོངས་སམ་ཡང་ན་ཆ་ཤས་ཤིག་དམག་མཚམས་འཇོག་རྒྱུའི་ཐད་གྲོས་མོལ་བྱེད་པའི་ཐོབ་ཐང་ལྡན་ཡོད། སྤྱི་ཚེས་23ཉིན་ལོན་ཏོན་དུ་འཚོག་རྒྱུའི་གྲོས་མོལ་ནི“ཡོ་རོབ་དང་ཨ་རི་མཉམ་ཞུགས་”རྣམ་པའི་ཐོག་ནས་བྱ་རྒྱུ་ཡིན་པ་དེའི་ནང་ཡོ་རོབ་ཕྱོགས་ནང་ཧྥ་རན་སི་དང་། དབྱིན་ཇི། འཇར་མན། ཡུག་རེན་བཅས་ཀྱི་འཐུས་མི་ཚུད་ཡོད་ཅེས་བཤད་པ་རེད།  ཁོང་གིས་ད་དུང་ཡུག་རེན་ཕྱོགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བདེར་སྐུལ་འདེད་གཏོང་བའི་འཕེལ་རིམ་ནང་ཨ་རི་ཞུགས་ཐུབ་རྒྱུ་དང་འབྲེལ་ཨུ་རུ་སུ་ཕྱོགས་ལ་གནོན་ཤུགས་སྤྲོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱས་པའི་ཐད་ཀྲུང་གོ་དང་ཡོ་རོབ་ཀྱིས་་་་་

ཕྱི་འབྲེལ་པུའུ་ཡིས་ཚེས་14ཉིན། ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱས་པའི་ཐད་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་གཏུག་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་འདུག

中央广播电视总台 央广网 版权所有

ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་གྱི་གྲོས་མོལ་ལ་དུས་ཚོད་མང་པོ་དགོས་ཞེས་བཤད་པ་དང་། ཡུག་རེན་ཕྱོགས་ཀྱིས་དམག་མཚམས་འཇོག་རྗེས། མངའ་ཁོངས་ཀྱི་གནད་དོན་ཕུད། “རྣམ་པ་གང་རུང་གི་ཐོག་ནས་”གྲོས་མོལ་བྱེད་འདོད་ཡོད་ཅེས་བསྟན་པ།

ཁོང་གིས་ད་དུང་ཡུག་རེན་ཕྱོགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བདེར་སྐུལ་འདེད་གཏོང་བའི་འཕེལ་རིམ་ནང་ཨ་རི་ཞུགས་ཐུབ་རྒྱུ་དང་འབྲེལ་ཨུ་རུ་སུ་ཕྱོགས་ལ་གནོན་ཤུགས་སྤྲོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།