ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲེ་ཅང་གིས་སྒྱུར་བཅོས་གསར་སྐྲུན་ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་གྱི་གསོན་ཤུགས་འཕེལ་བར་བྱས་པ།

2024-03-13 14:45:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་ཀྱི་ཞིང་ཆེན་ཧྲིལ་པོའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དཔེ་སྟོན་ཁུལ་ཉག་གཅིག་དེ་ཡིན་པའི་ཆ་ནས།  ཀྲེ་ཅང་གིས་འདུས་གྲུབ་སྒྱུར་བཅོས་གསར་སྐྲུན་ལ་བརྟེན་ནས།  ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་གྱི་གསོན་ཤུགས་འཕེལ་བར་བྱས་ཡོད།
ཀྲེ་ཅང་ཧེང་ཀྲོའུ་གསོ་རིག་སྨན་རྫས་གྲུ་ཁའི་གྲོང་རྡལ་ཆུང་ངུ་རུ།   ཀྲེ་ཅང་སློབ་ཆེན་རིག་ནུས་གསར་སྐྲུན་སྨན་རྫས་ཞིབ་འཇུག་ཁང་གིས་འཛུགས་སྐྲུན་བྱས་པའི་གསར་སྐྲུན་སྨན་རྫས་ཀྱི་བསམ་བཀོད་ར་སྤྲོད་ལྟེ་གནས་དེ་ཉིད་ཁེ་ལས་མང་པོས་རང་གི་བསམ་ཚུལ་དོན་ཐོག་ཏུ་འཁྱོལ་མིན་ར་སྤྲོད་བྱེད་པའི་ས་ཆ་ཞིག་ཏུ་གྱུར་ཡོད།   ཐོག་ཁང་དེ་ནི་ཐོག་བརྩེགས་ལྔ་ལྡན་གྱི་བཟོ་བཀོད་གཅིག་ཡིན་ཞིང་། ཐོག་བརྩེགས་དང་པོ་ནི་རིག་ནུས་བཟོ་སྐྲུན་དང་།  ཐོག་བརྩེགས་གཉིས་པ་ནི་རིག་ནུས་ཇུས་འགོད།  ཐོག་བརྩེགས་གསུམ་པ་ནི་དབྱེ་ཞིབ་ཚོད་ལྟ།  ཐོག་བརྩེགས་བཞི་པ་ནི་འདེམས་སྒྲུག་དཔྱད་བརྗོད།   ཐོག་བརྩེགས་ལྔ་པ་ནི་རིག་ནུས་འདུས་གྲུབ་བཅས་ཡིན།   ཀྲེ་ཅང་སློབ་ཆེན་རིག་ནུས་གསར་སྐྲུན་སྨན་རྫས་ཞིབ་འཇུག་ཁང་གི་རྒྱུས་ལས་འགོ་འཛིན་གཞོན་པ་ཡང་པོ་ཡིས།  ཚད་ལྡན་ཡིག་ཆ་བལྟ་ཀློག་བྱས་རྗེས་བསམ་ཚུལ་ཞིག་བྱུང་ན།    དེ་ངའི་སར་འཁྱེར་ཡོང་བ་དང་།  དེ་ནས་ང་རང་གིས་ལམ་སེང་ཐོག་བརྩེགས་དང་པོ་ནས་ལྔ་པའི་བར་གྱི་མི་སྣ་སྒྲིག་འཛུགས་བྱེད་ཀྱི་ཡོད།  ང་ཚོ་ལྷན་དུ་འཛོམས་སྐབས་ཕན་ཚུན་སྤེལ་རྗེས་བྱེད་ཆོག་པ་དང་།  ཕྱོགས་གཞན་པ་དེའི་ལག་རྩལ་གྱི་དཀའ་གནད་དེ་གང་དུ་ཐུག་ཡོད་པ་ཤེས་ཀྱི་ཡོད།  དེ་ནས་དཀའ་གནད་དེ་ཐག་གཅོད་ཐུབ་མིན་ར་སྤྲོད་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
ཧུའུ་ཡུས་ཧོའེ་ནི་གསོ་རིག་སྨན་རྫས་ཚན་རྩལ་ཁེ་ལས་ཤིག་གི་འགན་འཁུར་བ་རེད། བསམ་བཀོད་ར་སྤྲོད་ལྟེ་གནས་ཀྱིས་གསར་སྐྲུན་ལ་རོགས་རམ་བྱས་པ་བྱས་ནས་བཟུང་།   ང་ཚོའི་ཁེ་ལས་བཙུགས་ནས་ཟླ་བ་༡༣ཙམ་ནང་གསར་སྐྲུན་སྨན་གྱི་ནད་ཐོག་གི་དུས་ཐེངས་དང་པོའི་ཚོད་ལྟ་བྱ་རྒྱུ་བྱུང་ཡོད།  ང་ཚོའི་ཁེ་ལས་དང་འདྲ་བའི་ཁེ་ལས་ཤིག་ལ་དེ་ལྟ་བུའི་གྲུབ་འབྲས་ཐོབ་པར་སྤྱིར་བཏང་བྱས་ན་ལོ་གཉིས་ནས་དྲུག་བར་འགོར་གྱི་ཡོད་ཅེས་གསུངས་ཡོད། 
ཁོང་གིས།  བསམ་བཀོད་ནས་ཐོན་རྫས་ཐོན་སྐྱེད་བྱེད་པའི་བར་དུ་ར་སྤྲོད་ལྟེ་གནས་ཀྱིས་བརྒྱུད་རིམ་ཧྲིལ་པོར་ར་སྤྲོད་བྱེད་རོགས་བྱེད་ཀྱི་ཡོད་ཅིང་།   ང་ཚོའི་ངོས་ནས་བརྗོད་ན་ལས་ཕྱོད་མཐོ་རུ་ཕྱིན་པ་མ་ཟད།  ད་དུང་ལེགས་སྒྲུབ་ཐུབ་ཚད་ཀྱང་ལྡབ་ཀྱིས་མཐོ་རུ་ཕྱིན་ཡོད་ཅེས་གསུངས་ཡོད།ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ནི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་རེད།  
ཧེང་ཀྲོའུ་ཁོ་ནར།  སྲིད་གཞུང་གི་ཚན་པས་ཞིབ་འཇུག་ལས་ཁུངས་དང་མཉམ་དུ་སྟེགས་བུ་མང་པོ་བསྐྲུན་ནས།  ལས་གཏོད་པ་རྣམས་ཚན་རྩལ་ནས་ཐོན་ལས་བར་གྱི་འགག་གཏོར་ཡོང་རྒྱུར་རོགས་འདེགས་བྱེད་ཀྱི་ཡོད།
ཧེང་ཀྲོའུ་ལག་རྩལ་བརྗེ་སྒྱུར་ལྟེ་གནས་སུ།  རྒྱལ་ཡོངས་ཀྱི་གྲུབ་འབྲས་བརྗེ་སྒྱུར་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་དཔེ་དབྱིབས་ཆེན་པོ་དེས་མཐེབ་གནོན་མནན་ཐེངས་གཅིག་ལ་ཁེ་ལས་ཤིག་ལ་མཁོ་སྲིད་པའི་ལག་རྩལ་དགོས་མཁོ་ཤེས་རྟོགས་ཐུབ་ཀྱི་ཡོད་ལ།   ཁེ་ལས་དེ་དང་ལག་རྩལ་ཞིག་གི་འབྲེལ་བ་ཆེ་ཤོས་ལྡན་པའི་དམིགས་འབེན་ཁེ་ལས་ཤིག་ཀྱང་འོས་སྦྱོར་བྱེད་ཐུབ་ཀྱི་ཡོད།  ལྟེ་གནས་ཀྱི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཝང་ཧུང་ཁུན་གྱིས།  ཁེ་ལས་ཀྱི་ལས་དོན་པས་ལྟེ་གནས་ལ་ལག་རྩལ་ཐད་ཀྱི་དགོས་མཁོ་གང་ཡང་བརྗོད་མྱོང་མེད་མོད།  ཁྱེད་ཚོས་ང་ཚོའི་དགོས་མཁོ་ཇི་ལྟར་ཤེས་པ་རེད་དམ་ཞེས་ཧང་སངས་ནས་འདྲི་ཀྱི་འདུག  དེས་ང་ཚོར་སེམས་ཤུགས་ཆེན་པོ་སྤྲད་བྱུང་།  ཁོང་ཚོའི་སྐད་ཆའི་ཐོག་ནས་ང་ཚོས་གྲུབ་འབྲས་བརྗེ་སྒྱུར་གྱི་སྐད་བརྡའི་དཔེ་དབྱིབས་ཀྱི་ལམ་བུ་བཏོད་པ་དེ་ནི་དོན་སྙིང་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་གསུངས་ཡོད། 
གསར་སྐྲུན་སྟེགས་བུ་དེ་ཉིད་ལག་རྩལ་གྲུབ་འབྲས་མང་དག་ཀྲེ་ཅང་དུ་བརྗེ་སྒྱུར་དོན་འཁྱོལ་བྱེད་པར་སླེབས་པའི་སྒུལ་ཤུགས་ཀྱི་གྲས་ཤིག་ལ་གྱུར་ཡོད།  སྤྱི་ལོ་༢༠༢༣ལོའི་ལོ་མཇུག་བར་དུ།  ཀྲེ་ཅང་དུ་ལོ་གསུམ་བསྟུད་མར་ཚོང་འགྲིག་ཐེངས་གཅིག་ལ་སྒོར་དུང་ཕྱུར་ལས་བརྒལ་བའི་གྲུབ་འབྲས་བརྗེ་སྒྱུར་གྱི་མངགས་ཐོ་ཆེན་པོ་རག་ཡོད།   ཀྲེ་ཅང་གིས་ད་དུང་སྒྱུར་བཅོས་ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་གྱི་གསོན་ཤུགས་འཕེལ་བར་བྱས་ཡོད་ཅིང་།  གྲུབ་འབྲས་ཀྱི་གོང་ཚད་གཏན་ལ་འཁེལ་དཀའ་བ་དང་།  བརྗེ་སྒྱུར་གྱི་ཉེན་ཁ་ཆེ་བ་སོགས་པའི་མངོན་མེད་བཀག་རྒྱ་མེད་པར་བཟོས་ནས།  སྤུས་གསར་ཐོན་སྐྱེད་ནུས་པ་གང་མགྱོགས་གྲུབ་པར་བྱས་ཡོད།  ཀྲེ་ཅང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གྲུབ་འབྲས་བརྗེ་སྒྱུར་ཁྲུའི་ཁྲུའུ་ཀྲང་ཅིན་ཚུང་གིས།  ང་ཚོས་གསར་སྐྲུན་དེ་དག་ལ་ཐབས་བརྒྱ་ཇུས་སྟོང་ཐོག་ནས་རྨང་གཞི་ཡག་པོ་ཞིག་འདིང་བ་དང་།  ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་གྱི་ཉེན་ཁ་ཆུང་དུ་གཏོང་གི་ཡོད།  དཔེར་ན་སྔོན་ལ་རིན་མེད་ངང་ཚོད་ལྟ་བྱེད་པ་དང་།  དེ་ནས་དངུལ་སྤྲད་ནས་བརྗེ་སྒྱུར་བྱ་ཆོག་གི་ཡོད་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅིང་།  ན་ནིང་ཞིང་ཆེན་ཡོངས་ཀྱི་ལག་རྩལ་ཉོ་ཚོང་གི་དངུལ་གྲངས་སྒོར་དུང་ཕྱུར་༥༠༠༠ལས་ཐོག་མར་བརྒལ་བ་དང་། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།   མ་འོངས་པར་ང་ཚོས་སྒྱུར་བཅོས་ཀྱི་ཕན་འབྲས་ད་དུང་མུ་མཐུད་ནས་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཀྲེ་ཅང་གིས་སྒྱུར་བཅོས་གསར་སྐྲུན་ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་གྱི་གསོན་ཤུགས་འཕེལ་བར་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་ཀྱི་ཞིང་ཆེན་ཧྲིལ་པོའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དཔེ་སྟོན་ཁུལ་ཉག་གཅིག་དེ་ཡིན་པའི་ཆ་ནས།