ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤིང་འཛུགས་ལྗང་སྲུང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་པ་བཏོད་པ།

2024-03-13 14:42:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་སྐྱོང་དང་།  ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་གོང་འཕེལ། མིའི་རིགས་ཀྱི་ཤེས་དཔལ་ལ་འགན་འཁུར་བ་བཅས་ཀྱི་མཐོ་ཚད་ཐོག་ནས་འབྱུང་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་བརྒྱབ་སྟེ།  བུ་རབས་ཚ་རྒྱུད་ལ་རི་བོ་སྔོ་ཞིང་ཆུ་མོ་དྭངས་གཙང་གི་འབྱུང་ཁམས་བར་སྟོང་ཞིག་འཇོག་དགོས་ཞེས་ནན་སྟོན་གནང་བ་རེད།
སྤྱི་ཟླ་3པའི་ཚེས་12ཉིན་ནི་རང་རྒྱལ་གྱི་ཤིང་འཛུགས་དུས་ཆེན་ཐེངས་46པ་དེ་རེད།  ཤིང་འཛུགས་དེ་དམངས་ཡོངས་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ས་གནས་ཁག་ཏུ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བཞིན་ཡོད།  དེ་དང་ཆབས་ཅིག་བྱང་གསུམ་ལས་གྲྭའི་འགག་གཏོར་དམག་འཐབ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་འགྱུར་མཛེས་འགྱུར་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།  ས་གནས་ཁག་གིས་སྤུས་ཀ་མཐོ་བའི་འབྱུང་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་བཞིན་ཡོད་པ་རེད།
རྨ་ནུབ་དོག་ལམ་གྱི་ཤར་རྒྱུད་དང་ཐེང་གེ་ལི་བྱེ་ཐང་གི་ལྷོ་རྒྱུད་དུ་གནས་པའི་པ་པུ་ཧྲ་ནགས་རར་ལས་བཟོ་བ་ཚོས་ཚ་ཚ་འུར་འུར་སྒོ་ནས་སོག་མ་དབོར་ཏེ།  སོག་མ་ཡིས་བྱེ་བ་བཀབ་པའི་ལས་དོན་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད།  པ་པུ་ཧྲ་ནགས་རའི་འགོ་འཛིན་ཀོའོ་དབན་ཀང་གིས།  ད་ལོའི་དཔྱིད་ཀའི་སེར་ལངས་ཚད་ཅུང་ཡག་པོ་ཡོད་པ་དང་།  དཔྱིད་ཀའི་ནགས་གསོའི་སྐབས་བྱང་གསུམ་འགོག་སྲུང་ནགས་ར་འཛུགས་སྐྲུན་ལས་འགན་མུའུ་ཁྲི་གཅིག་ལེགས་སྒྲུབ་བྱ་རྩིས་ཡོད།  ང་ཚོས་མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་ཏེ།  ང་ཚོའི་རི་བོ་དེ་བས་སྔོ་ལྗང་དང་། ཆུ་མོ་དེ་བས་དྭངས་བ།  ནམ་མཁའ་དེ་བས་སྔོན་པོར་འགྱུར་བ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
འབྲི་ཆུའི་ཟུར་གསུམ་གྱི་སྟོད་རྒྱུད་དང་ལྟེ་བ་ཡིན་པའི་ཨན་ཧུའེ་ཡི་ནགས་ཚལ་རྒྱ་ཁྱོན་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གསུམ་ཆ་གཅིག་ཙམ་ཟིན་གྱི་ཡོད།  ཤིན་ཨན་ཅང་གཙང་པོའི་ཆན་ཏའོ་མཚེའུའི་འབྱུང་ཁམས་ཁོར་ཡུག་མཉམ་སྲུང་མཉམ་ལས་ཁུལ་དུ་གནས་པའི་ཨན་ཧུའེ་ཧྲེ་རྫོང་དུ་དང་བླངས་པ་ཚོས་ཆུ་རགས་ཁུལ་དང་གྲོང་ཚོའི་ནང་བསྐྱོད་དེ་ཤིང་འཛུགས་བྱེད་སྒོ་སྤེལ་ཡོད། དང་བླངས་པ་ཁྲེང་ཅ་པའོ་ཡིས།  ཤིང་འཛུགས་ནགས་གསོའི་དོན་སྙིང་གལ་ཆེ་བས་ང་རང་གིས་སྔོ་ལྗང་ལ་དགའ་ཞེན་དང་།  ཤིང་འཛུགས།  ལྗང་སྲུང་བཅས་ཀྱི་འདུ་ཤེས་རང་རྟོགས་དང་བྱ་སྤྱོད་རང་རྟོགས་མཐོ་རུ་བཏང་སྟེ་འབྱུང་ཁམས་སྲུང་སྐྱོང་གི་དར་སྤེལ་བ་དང་ལག་ལེན་པ་ཞིག་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་ཆེད་རང་ཉིད་ལ་དཔག་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
ནགས་ཚལ་དང་རྩྭ་ཐང་གིས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་ལ་རྨང་གཞིའི་རང་བཞིན་དང་འཐབ་ནུས་རང་བཞིན་གྱི་ནུས་པ་ལྡན་ཡོད།  ནགས་རྩྭ་དར་ན་འབྱུང་ཁམས་དར།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་འབྱུང་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་ཁྲིད་འོག་རང་རྒྱལ་གྱི་ཤིང་འཛུགས་ནགས་གསོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་།  མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་ཞིག་གཏོད་བཞིན་ཡོད།  སྤྱི་ལོ་2021ལོའི་ཟླ་4པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་གནང་སྐབས་འཚོ་བ་ཡག་པའི་ནང་དོན་གལ་ཆེ་ཤོས་ཤིག་ནི་འབྱུང་ཁམས་རེད།  མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་ཕྱི་ཚུལ་གྱི་མཛེས་བཟོ་ཙམ་མིན་པར་གཙོ་གནད་ནི་བདེ་ཐང་ཡིན།  ང་ཚོའི་རི་བོ་དང་ཆུ་མོ་ཡོངས་གཙང་མ་ཡིན་པ་དང་།  དེ་གར་འཚོ་བའི་ཀྲུང་ཧྭ་མི་རིགས་བདེ་ཐང་ཡིན་དགོས་ཞེས་ནན་སྟོན་གནང་ཡོད།
མྱ་ངམ་ཐང་གི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་དང་།  བྱང་གསུམ་སོགས་ཀྱི་གཙོ་གནད་འབྱུང་ཁམས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ནི་རང་རྒྱལ་གྱི་རྒྱལ་ཁོངས་ས་ཆའི་ལྗང་འགྱུར་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་ཡིན།  ན་ནིང་ལོ་མཇུག་བར།  བྱང་གསུམ་ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཁུལ་ཆེན་པོ་གསུམ་དུ་ནགས་གསོ་རྩྭ་འདེབས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་122དང་3000ལེགས་སྒྲུབ་བྱས་པ་དང་།  བྱང་གསུམ་ལས་གྲྭའི་འགག་གཏོར་དམག་འཐབ་འགོ་ཡག་པོ་བཙུགས་ཡོད།  ནང་སོག་ནུབ་རྒྱུད་ཀྱི་མྱ་ངམ་ཐང་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ཀྱི་དུས་བཀག་གཉིས་པ་སྤྱི་ཚེས་12ཉིན་གྱི་སྔ་དྲོ་ལས་འགོ་ཁྱོན་ཡོངས་ནས་བཙུགས་པ་དང་།  ནང་སོག་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཡུང་ཆོན་གྱིས།  ང་ཚོས་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་།  ལག་རྩལ་དང་དཔེ་དབྱིབས་གསར་སྐྲུན་ལ་ཤུགས་སྣོན་རྒྱག་པ།  ལག་ལེན་བསྟར་རྗེས་ཕན་འབྲས་ཡོད་པའི་བྱེ་འགོག་བྱེ་བཅོས་བྱ་ཐབས་ཁྱབ་གདལ་གཏོང་བ།  རྩྭ་ཕྱུགས་དོ་སྙོམས་དང་།  ཕྱུགས་འཚོ་མི་ཆོག་པའི་རྩྭ་ས་དང་ཕྱུགས་རེས་མོས་ངང་འཚོ་བའི་རྩྭ་སའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་བྱང་གསུམ་ལས་གྲྭའི་འགག་གཏོར་དམག་འཐབ་དང་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།  
ནགས་ཚལ་ནི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད་བཅས་ཡིན་ལ་ཐཱན་མཛོད་ཀྱང་ཡིན། ད་ལོའི་ཟླ་དང་པོར་རྒྱལ་ཡོངས་ཀྱི་དྲོད་ཁང་རླངས་གཟུགས་རང་མོས་ངང་བཙོག་འབུད་ཉུང་གཏོང་གི་ཉོ་ཚོང་ཁྲོམ་ར་ཚོང་གཉེར་འགོ་ཚུགས་ཤིང་། ཧོ་པེའི་སའེ་ཧན་པ་ཡི་འཕྲུལ་ཆས་ནགས་རས་རང་མོས་ངང་བཙོག་འབུད་ཉུང་གཏོང་གི་རྣམ་གྲངས་གསར་སྤེལ་དང་བཙོག་འབུད་ཉུང་གཏོང་གི་ཉོ་ཚོང་ཚད་མཐུན་གྱི་གྲོས་འགོར་མིང་རྟགས་བཀོད་ཡོད། ནགས་རའི་འགོ་འཛིན་ཡུས་ཧྲི་ཐའོ་ཡིས། ང་ཚོས་བྱ་ཐབས་གསར་པའི་འོག་གི་ཐཱན་འདུས་རྣམ་གྲངས་ཇུས་འགོད་གསར་སྤེལ་བྱ་རྒྱུ་དང་། ཐཱན་འདུས་ཐོག་ཁྲིམས་འཛིན་སྣོན་པ་དང་།ཐཱན་འདུས་ཐོག་ཚོགས་འདུ་སྣོན་པ། ཐཱན་འདུས་ཐོག་དངུལ་ཁང་སྣོན་པ་བཅས་ཀྱི་བྲིན་ཚོང་བྱེད་སྟངས་གསར་གཏོད་བྱས་ནས། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་ནུས་ལྡན་ངང་བརྗེ་སྒྱུར་བྱ་རྒྱུ་ཡིན་ཞེས་གསུངས་འདུག
ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་ཚོད་ལྟ་ཁུལ་དང་པོ་ཡིན་པའི་ཧྥུའུ་ཅན་དུ་ནགས་ཚལ་ཁྱབ་ཚད་65.12%ཟིན་ནས། མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2021ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཧྥུ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས།ང་གནས་འདིར་སྡོད་རིང་།མཚོ་འགྲམ་གྲོང་ཁྱེར་དང་།རི་ཆུའི་གྲོང་ཁྱེར་འཛུགས་རྒྱུའི་ངེས་གནས་གཏན་འཁེལ་བྱས་པ་ཡིན། དེ་དོན་མུ་མཐུད་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེ་ལྡན་ཧྥུ་ཀྲུའུ་ཡིས་མི་དམངས་ལ་ཕན་བདེ་སྔར་བས་ཆེ་བ་བསྐྲུན་རྒྱུ་མ་ཟད།ང་ཚོའི་རྒྱལ་ཁབ་ལའང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་སྔོ་ལྗང་ཅན་དང་མཛེས་སྡུག་ཅན་ལ་འགྱུར་རྒྱུར་གཞི་གཅིག་ངང་སྐུལ་འདེད་བཏང་བ་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཏུ་ནགས་ཚལ་ཁྱབ་ཚད་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས། ཧྥུའུ་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རྒྱལ་ཁོངས་ས་ཆའི་སྔོ་འགྱུར་གྲུབ་འབྲས་གང་ལེགས་ཐོབ་ཡོད། ཉིང་ཏེ་གྲོང་ཁྱེར་དང་ཧྥུ་ཀྲོའུ་གྲོང་ཁྱེར་གྱིས་ད་དུང་ནགས་ཚལ་གྲོང་ཁྱེར་ཚོགས་སྤྱི་འཛུགས་སྐྲུན་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཧྥུ་ཀྲོའུ་གྲོང་ཁྱེར་སྔོ་འགྱུར་གཞུང་ལས་ཁང་གི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ཏེང་དབྱང་པོ་ཡིས། 2023ལོར་ང་ཚོའི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཉེ་འདབས་ཀྱི་སྤྱི་གླིང་སྤྱི་ལེ་ངོས་གྲུ་3500བསྐྲུན་པ་དང་། སྤྱི་གླིང་ཆུང་གྲས་65སྐྲུན་ཏེ། གྲོང་མིའི་ཁྱིམ་གྱི་སྒོ་འགྲམ་གྱི་མཛེས་ལྗོངས་ཁུལ་དངོས་གཏོད་ཡོད།
《2023ལོའི་ཀྲུང་གོའི་རྒྱལ་ཁོངས་ས་ཆའི་སྔོ་འགྱུར་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར།ན་ནིང་ལོ་ཧྲིལ་པོར་རྒྱལ་ཡོངས་སུ་ནགས་ཚལ་སྤྱི་ཆིང་ཁྲི་399.8བསྐྲུན་པ་དང་། རྩྭ་འདེབས་ལེགས་བཅོས་སྤྱི་ཆིང་ཁྲི་437.9བྱས་པ། བྱེ་འགྱུར་དང་བྱེ་རྡོ་ཅན་དུ་འགྱུར་བའི་ས་ཞིང་སྤྱི་ཆིང་ཁྲི་190.5བཅོས་སྒྲིག་བྱས་ཡོད། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་འབྱུང་ཁམས་སིའི་སྡེ་ཚན་ལྗང་འགྱུར་ཁྲུའི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཀྲང་ཁྲའོ་ཧུའེ་ཡིས། ང་ཚོས“ཉིས་བརྩེགས་”ཀྱི་ལས་གྲྭའི་རྣམ་གྲངས་96དང་རྒྱལ་ཁོངས་ས་ཆ་སྔོ་འགྱུར་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་25བཀོད་སྒྲིག་ལག་བསྟར་བྱས་ཡོད། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་ས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ང་ཚོས་ཚན་རིག་དང་མཐུན་པའི་ངང་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ས་ཆའི་ལྗང་འགྱུར་བྱ་སྤྱོད་སྤེལ་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་འདུག

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཤིང་འཛུགས་ལྗང་སྲུང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་པ་བཏོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་གོང་འཕེལ།