ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་པ་དང་། ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ།

2024-03-08 11:33:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་7ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་གནང་ཡོད། ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོནརྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་གསན་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོནརྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥེང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེའང་ཀྲེན་ཡིང་། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཤིན་ཀྲེ། ཅང་ཙུའོ་ཅུན། ཧོ་འོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན་བཅས་གྲོས་ཚོགས་ལ་ཞུགས་ཡོད

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཡུའེ་ཡུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

ཨུ་ཡོན་ཉིང་ཅི་ཀྲེས་གཏམ་བཤད་གནང་སྐབསའདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་དཔལ་འབྱོར་བསྐྱར་འཕར་ནས་ལེགས་སུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་ཡོད་ཅེས་གསུངས་པ་རེད། ཨུ་ཡོན་ཉིང་ཅི་ཀྲེས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་བརྟན་པོའི་ངང་འཕར་རྒྱུར་ཕན་པའི་སྲིད་ཇུས་མང་ཙམ་འདོན་དགོས་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མངོན་གསལ་དོད་དུ་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་ཆགས་པ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ནང་མཁོ་རྒྱ་སྐྱེད་བཏང་སྟེ། བསྒྱུར་བཅོས་སྒོ་འབྱེད་ཀྱི་བརྗེ་སྒྱུར་གོང་འཕེལ་གཏོང་བར་ཡར་རྒྱས་བརྩོན་ལེན་ཧུར་ཐག་བྱ་དགོས་པའི་གྲོས་འགོ་བཏོན་ཡོད

ཨུ་ཡོན་དབྱི་ཀང་གིསགཏམ་བཤད་གནང་སྐབས། དངུལ་རྩའི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དངུལ་རྩའི་སྲིད་ཇུས་དང་ནོར་སྲིད་སོགས་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། དཔལ་འབྱོར་འཁོར་སྐྱོད་ཀྱི་འགག་རྩའི་ལྷུ་ཚིགས་ཁག་གཅིག་ལ་དམིགས་སའི་རང་བཞིན་གྱི་བྱ་ཐབས་སྤྱོད་དགོས་ཞེས་གསུངས་པ་རེད། ཨུ་ཡོན་དབྱི་ཀང་གིས་ནོར་སྲིད་ཀྱི་སྲིད་ཇུས་བར་མཐོངས་བེད་སྤྱོད་ཡག་པོ་བྱས་ནསསྤྱི་ཚོགས་ཀྱི་མ་ངུལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་མང་དུ་གཏོང་རྒྱུ་དེ་གནས་བབ་དེ་བས་གལ་ཆེན་ཐོག་འཇོག་པ་དང་། དངུལ་རྩ་ཆུ་ཚད་མཐོ་པོའི་སྒོ་ནས་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད།

ཨུ་ཡོན་ཞུས་ཞའོ་ལན་གྱིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། གྲངས་འཛིན་ཅནདེ་ལྟེ་བའི་སྒུལ་ཤུགས་སུ་བྱེད་པ་དང་། གསར་དར་ལག་རྩལ་དེ་མངོན་འགྱུར་ཡོང་བའི་བྱ་ཐབས་སུ་བྱེད་པ། འཛད་སྤྱོད་པའི་དགོས་མཁོ་དེ་ལྟེ་བའི་སྟོན་ཕྱོགས་སུ་བྱེད་པ་བཅས་ཀྱི་འཛད་སྤྱོད་གསར་པ་དབྱར་མཚོ་རྒྱས་ལྟར་གོང་འཕེལ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད། ཨུ་ཡོན་ཞུས་ཞའོ་ལན་གྱིསདགོས་མཁོའི་ཕྱོགས་ནས་འགོ་བཙུགས་ཏེ་འཛད་སྤྱོད་ཚོགས་སྤྱི་གསར་པ་སྐྱེད་སྲིང་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ནས་འགོ་བཙུགས་ཏེསྣ་མང་ཕུན་སུམ་ཚོགས་པའི་འཛད་རྫས་དང་འཛད་སྤྱོད་རྣམ་པ་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

ཨུ་ཡོན་ནན་ཚུན་ཧུའེ་ཡིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབསདམངས་གཉེར་ཁེ་ལས་ནི་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཁེ་ལས་ཀྱིས་རྒྱུན་རྣམ་ཅན་གྱི་ཐོག་ནས་རྒྱལ་ཁབ་ཀྱི་ཚན་རྩལ་འཐབ་ཇུས་ཇུས་ཐག་གཅོད་པར་ཞུགས་པའི་ལམ་སྲོལ་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད། ནན་ཚུན་ཧུའེ་ཡིས་དམངས་གཉེར་ཚན་རྩལ་ཁེ་ལས་ཀྱིས་ཚན་རྩལ་རྣམ་གྲངས་གལ་ཆེན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཐོག དམངས་གཉེར་ཁེ་ལས་ཀྱི་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་དམངས་གཉེར་ཁེ་ལས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

ཨུ་ཡོན་མ་ཅན་ཐང་གིས་གཏམ་བཤད་གནང་སྐབས། རང་རྐྱང་མི་འཕེར་བའི་རྒན་རྒོན་གྱི་བདག་སྐྱོང་དགོས་མཁོ་སྔར་བས་ལེགས་པར་བསྒྲུབ་རྒྱུ་དེ་རང་རྒྱལ་གྱི་རྒན་གསོའི་ཞུབ་ཞའི་མ་ལག་གི་ཐག་གཅོད་བྱེད་དགོས་ངེས་ཀྱི་གནད་དོན་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད། ཨུ་ཡོན་མ་ཅན་ཐང་གིས་ཐབས་ལམ་མང་པོར་བརྟེན་ནས་ཡུན་རིང་གི་བདག་སྐྱོང་མི་སྣ་མང་དུ་གཏོང་བ་དང་། སྡེ་ཁུལ་གྱིས་རང་རྐྱ་མི་འཕེར་བའི་རྒན་རྒོན་ལ་བདག་སྐྱོང་ཞབས་ཞུ་བསྒྲུབ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཡུན་རིང་གི་བདག་སྐྱོང་འགན་བཅོལ་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

ཨུ་ཡོན་ཞ་ཅེ་ཡིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། བུ་བཙའ་བུ་གསོའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ནི་མི་འབོར་ཡུན་རིང་དོ་སྙོམས་གོང་འཕེལ་ཡོང་བ་བྱེད་པར་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་འདེགས་སྐྱོར་ཞིག་ཡིན་ཞེས་གསུངས་པ་རེད། ཨུ་ཡོན་ཞ་ཅེ་ཡིས་སྤུས་ལེགས་ཀུན་ཕན་བུ་བཅོལ་གསོ་སྐྱོང་ཞབས་ཞུ་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། བུ་བཙའ་བུ་གསོའི་འགན་བཅོལ་ཐོབ་ཐང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས། བུ་བཙའ་བུ་གསོའི་མཛའ་གྲོགས་ཁོར་ཡུག་ཅིག་བཟང་པོ་ཞིག་གཏོད་དགོས་པའི་གྲོས་འགོ་བཏོན་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་པ་དང་། ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ།

བུ་བཙའ་བུ་གསོའི་མཛའ་གྲོགས་ཁོར་ཡུག་ཅིག་བཟང་པོ་ཞིག་གཏོད་དགོས་པའི་གྲོས་འགོ་བཏོན་ཡོད།