ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་མཉམ་འབྲེལ་ཚོགས་ཆུང་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ།

2024-03-08 11:30:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་མཁན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་།   ཚན་རྩལ་རིགས་ཁོངས།  ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་གནང་བ་མ་ཟད།  མཉམ་འབྲེལ་ཚོགས་ཆུང་གྲོས་ཚོགས་ལ་ཞུགས་གནང་སྐབས་གསུང་བཤད་གལ་ཆེན་གནང་བར་ཚོགས་ཞུགས་ཨུ་ཡོན་རྣམ་པའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད།  ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།  བརྟག་ཞིབ་གཏིང་ཟབ་བྱེད་པ།  སྲིད་དོན་ལ་ཇུས་ཧུར་ཐག་འདོན་པ།  ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་བཅས་བྱས་ཏེ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ཡོང་བ་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་འགག་རྩ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཚན་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་དང་སྟོབས་ཆེར་གཏོང་བའི་འདུན་པ་ཆེ་རུ་གཏོང་བ་དང་།  ཚན་རྩལ་གསར་སྐྲུན་གྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་དགོས་ཞེས་བསྟན་ཡོད།  ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ། ཨུ་ཡོན་ཀྲའོ་ཡུས་ལེའང་གིས།  སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་གསར་སྐྲུན་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ཁྲོད་ཐོན་པའི་ནུས་པར་མཐོང་ཆེན་པོ་གནང་བ་དེས་ཚན་རྩལ་ལས་དོན་པར་སྐུལ་མ་ཆེན་པོ་ཐེབས་ཡོད་ལ་དེ་ནི་གནོན་ཤུགས་ཆེན་པོ་ཞིག་ཀྱང་རེད། རྒྱུ་མཚན་ནི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེར་འགྱུར་བའི་འགན་འཁྲི་ཕྲག་ཏུ་འཁུར་བས་རེད།  ང་ཚོས་ཚན་རྩལ་གསར་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབ་པ་དང་།  འབྲེལ་ཡོད་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ།  གསར་སྐྲུན་འབྲེལ་ཐག་དང་། ཐོན་ལས་འབྲེལ་ཐག   ཤེས་ལྡན་མི་སྣའི་འབྲེལ་ཐག་བཅས་སྦྲེལ་མཐུད་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་།  འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གྱི་སྒུལ་ནུས་གསར་པ་གསོ་སྤེལ་བཅས་བྱེད་དགོས་ཞེས་བསྟན་ཡོད།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ། ཨུ་ཡོན་ཝུའུ་ཅན་ཕིང་གིས།  དྲ་སྦྲེལ་གྱི་ལྟེ་བའི་ལག་རྩལ་ཟམ་མི་ཆད་པར་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བཞིན་ཡོད།  གལ་ཏེ་ཁྱེད་ཀྱིས་ཁྱབ་ཁོངས་དེའི་ནང་རང་འགུལ་དབང་ཆ་དང་གཏམ་བརྗོད་དབང་ཆ་ཚོད་འཛིན་ཡག་པོ་མ་ཐུབ་ན་གཞན་དབང་དུ་ཚུད་སྲིད།  ཚན་རྩལ་རང་ཚུགས་རང་འཕེལ་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོའི་ད་ལྟའི་ལས་འགན་གལ་ཆེ་ཤོས་ཤིག་རེད། དྲ་སྦྲེལ་གྱི་ལྟེ་བའི་ལག་རྩལ་འགག་གཏོར་ཐད་ང་ཚོས་ལས་དོན་ཡག་པོ་བསྒྲུབ་དགོས།  དེ་ཡང་ང་ཚོའི་དྲ་བའི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འགན་སྲུང་ཞིག་རེད་ཅེས་གསུངས་པ་རེད།

ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  གནད་ལ་འཕིགས་པོས་སྦགས་བཙོག་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་བཅོས་སྐྱོང་།  ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱེད་དགོས་པ་དང་།  དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་སྦགས་མེད་ཅན་དང་ཐན་ཉུང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ།  ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་སྒོ་ནས་འཁོར་རྒྱུག་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ།  འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་ལམ་བུ་རྒྱ་ཆེར་གཏོང་བ།  ཐན་རྩེ་གྲངས་དང་ཐན་དོ་སྙོམས་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ཐོག་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྒུལ་ནུས་གསར་པ་བསྣན་པ་དང་བཟང་ཆ་གསར་པ་ལྡན་པ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། འབྱུང་ཁམས་ཁོར་ཡུག་པུའི་རྒྱ་མཚོའི་འབྱུང་ཁམས་ཁོར་ཡུག་སིའི་སི་ཀྲང་གཞོན་པ།  ཨུ་ཡོན་ཧུའུ་སུང་ཆིན་གྱིས།  སྤྱི་ཁྱབ་ཧྲུའུ་ཅིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། རྒྱ་མཚོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ནི་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བསྒྲུབ་དགོས་ངེས་ཤིག་ཀྱང་རེད།  ང་ཚོས་སྐམ་མཚོར་གཅིག་གྱུར་འཆར་འགོད་དང་།  གཙང་པོ་རྒྱ་མཚོ་མཉམ་འགུལ་བྱ་རྒྱུ་རྒྱུན་འཁྱོངས་དང་།  མཛེས་སྡུག་ལྡན་པའི་མཚོ་ཁུག་འཛུགས་སྐྲུན་དང་མཚོ་ཁོངས་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་གཏོར་དམག་འཐབ་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ལ་སྔོ་བསང་གི་ནམ་མཁའ་དང་བྱེ་ཐང་གཙང་མ་ཞིག་ལོངས་སྤྱོད་བྱ་རྒྱུ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད། 

པེ་ཅིང་ཧྲོའུ་ཁྲོང་འབྱུང་ཁམས་ཁོར་སྲུང་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་རིག་ལྡན་ཁོར་སྲུང་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་ཨུ་ཡོན་ཧོང་མེན་སུང་གིས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་མཐོའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན་ཡོད། ཧོང་མེན་སུང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་རང་སོའི་ལས་ཀའི་ཁྲོད་དོན་འཁྱོལ་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་བར་གྱི་འབྲེལ་བར་མུ་མཐུད་གཅིག་གྱུར་འཆར་འགོད་བྱེད་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། གྲངས་འཛིན་ཅན་དང་ཐཱན་ཉུང་ཅན་ལ་བརྟེན་ནས་ང་ཚོའི་ཁོར་སྲུང་སྲོལ་རྒྱུན་ལས་རིགས་ཀྱི་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་ཆབས་ཅིག གྲངས་འཛིན་ནུས་འདོན་ལ་བརྟེན་ནས་ང་ཚོའི་ལས་རིགས་དེ་ཡོངས་ཀྱི་ཐོན་སྐྱེད་ལས་ཕྱོད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།

ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཐའེ་ཝན་སྤུན་ཟླ་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་དེང་རབས་ཅན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱིས་ཐའེ་ཝན་ལས་དོན་གྱི་གནས་བབ་ཆེན་པོའི་ཁྲོད་སྔར་བས་ངེས་གནས་གཏན་འཁེལ་དང་། བཟང་ཆ་འདོན་སྤེལ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་དང་། གླིང་ཕྲན་ཕྱི་ནང་གི་མཐུན་སྒྲིལ་བྱེད་ཆོག་པའི་རྒྱལ་གཅེས་སྟོབས་ཤུགས་མཐའ་དག་སྔར་བས་མཐུན་སྒྲིལ་བྱེད་པ། རང་བཙནལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། མེས་རྒྱལ་ཞི་བས་གཅིག་གྱུར་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཧྥུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞ་ཞན་ཕེང་གིས། མཚོ་འགག་གཡས་གཡོན་གཉིས་པོའི་ཐོན་ལས་ཕྱིན་ཆད་གོང་འཕེལ་ཇི་ལྟར་གཏོང་དགོས་པ་དང་། ང་ཚོས་ལས་དོན་ཅི་ཞིག་སྒྲུབ་དགོས་པའི་ཐད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་ང་ཚོ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་མཛུབ་སྟོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་བླང་བྱ་དག་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་དངོས་ལ་འགྱུར་བར་བྱས་ཏེ། ཐའེ་ཝན་གྱི་ལས་དོན་དང་། ཡང་སྒོས་མཚོ་འགག་གཡས་གཡོན་གཉིས་པོ་མཉམ་འདྲེས་གོང་འཕེལ་གཏོང་བའི་ཐད་བྱས་རྗེས་སྔར་བས་མང་བ་འཇོག་དགོས་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་མཉམ་འབྲེལ་ཚོགས་ཆུང་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ།

ཡང་སྒོས་མཚོ་འགག་གཡས་གཡོན་གཉིས་པོ་མཉམ་འདྲེས་གོང་འཕེལ་གཏོང་བའི་ཐད་བྱས་རྗེས་སྔར་བས་མང་བ་འཇོག་དགོས་ཞེས་གསུངས་ཡོད།