ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བཅིངས་གྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པས་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་བ།

2024-03-08 11:30:00     责编:娜科
 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བཅིངས་གྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པས་ཚེས་6ཉིན་མུ་མཐུད་དུ་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་ཡོད།

འཐུས་མི་ཚོས། གཏན་འཁེལ་གཉིས་ནི་ངེས་གཏན་མེད་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དེ་དང་། གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་དེ་རེད། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ངེས་པར་ལག་བསྟར་གཏིང་ཟབ་བསྟར་ནས། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པའི་འགག་གཏོར་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་དགོས་པ་དང་། བློ་བ་རྟན་འགྱུར་མེད་ངང་དམག་དོན་གྱི་འཐབ་རྫིང་སྟབས་བསྟུན་ངང་སྤེལ་བ། དམག་དོན་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་བསྩལ་གནང་བའི་ལས་འགན་ཁག་ལེགས་གྲུབ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་གསུངས་ཡོད།

  འཐུས་མི་ཚོས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་ལེན་པ་དང་། རྒྱུན་བསྲིང་ལྷོད་མེད་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ནུས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་པ། སུང་སྐྱོང་གཉིས་ལ་གཅིག་སྡུད་བྱེད་པ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ཤུགས་ཆེར་གཏོང་བ། རུལ་སྲུང་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་འགག་གཏོར་དམག་འཐབ། རྒྱུད་མཐུད་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ཏེ།  དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་ཆེད་སྲ་ཞིབ་བརྟན་པའི་སྤྱོད་ཚུལ་དང་་སྒྲིག་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་ཀྱི་ཡིན་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

བཅིངས་གྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པས་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་བ།

དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་ཆེད་སྲ་ཞིབ་བརྟན་པའི་སྤྱོད་ཚུལ་དང་་སྒྲིག་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་ཀྱི་ཡིན་ཞེས་གསུངས་ཡོད།