ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་བསྡུར་གནང་བ།

2024-03-08 11:29:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོས་རིགས་ཁོངས་གྲོས་མོལ་དང་ཚོགས་ཆུང་ཁག་བགོས་གྲོས་བསྡུར་གནང་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཆང་གིས་ཕན་བདེ་འགན་སྲུང་རིགས་ཁོངས་ཀྱི་གྲོས་མོལ་གྲོས་ཚོགས་ནང་ཞུགས་སྐབས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་།   མི་དམངས་སྲིད་གྲོས་ཀྱི་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།  གཏན་འཁེལ་གཉིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།  སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རོགས་འདེགས་བྱ་དགོས་ཞེས་གསུངས་ཡོད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཝུའུ་ཡིས་སྨན་བཅོས་དང་འཕྲོད་བསྟེན་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས།   ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཐོག་ནས་མངོན་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱུང་ཡོད་མེད་དེ་སྲིད་གྲོས་ལས་དོན་ཤན་འབྱེད་བྱེད་པའི་ཚད་གཞི་ཞིག་ཏུ་བརྩི་དགོས་པ།  རྒྱལ་ཁབ་ཆེན་པོའི་དོན་ཆེན་དང་།  དམངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་རྒྱལ་ཁབ་ཆེད་འགན་འཁྲི་བསྒྲུབ་དགོས་པ་དང་།  དམངས་ཀྱི་ཆེད་དུ་འགན་འཁུར་དགོས་ཞེས་གསུངས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མུའུ་ཧུང་གིས་ཕྱི་ཕྱོགས་མཛའ་གྲོགས་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས།  ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་ཕྱི་དོན་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།  རིག་སྟོབས་དང་།  མིའི་དབར་གྱི་འབྲེལ་བ། ཐོན་ཁུངས་བཅས་པའི་བཟང་ཆ་བེད་སྤྱོད་ཡག་པོ་གཏོང་བ།   ཕྱོགས་མཐའ་ཀུན་དང་བང་རིམ་མང་བའི་ལངས་གཟུགས་ཅན་གྱི་ཕྱི་ཕྱོགས་འགྲོ་འོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  སྤུས་མཐོའི་སྲིད་གྲོས་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་གྱི་ཞབས་ཞུ་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སྒོ་འབྱེད་བྱ་དགོས་ཞེས་གསུངས་ཡོད།  

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞན་ཧུའེ་ཡིས་དམིགས་བསལ་གདན་ཞུས་ཤང་ཀང་མི་སྣའི་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གསར་པ་ཐོབ་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀང་ཨའོ་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐའ་གཅིག་ཏུ་བྱ་དགོས་ཤིང་།  རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུའི་ཆེད་བློ་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་ཡོད། 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་བསྡུར་གནང་བ།

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུའི་ཆེད་བློ་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་ཡོད།