ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཚའེ་ཆི་ཡིས་རིག་གནས་སྒྱུ་རྩལ་དང་ལུས་རྩལ་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོ་དང་རྒྱལ་དོན་མཉམ་གྲོས་གནང་བ།

2024-03-07 10:02:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།        སྤྱི་ཟླ་༣པའི་ཚེས་༦ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཡིས་རིག་གནས་སྒྱུ་རྩལ་དང་ལུས་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་གྲོས་ཚོགས་ནང་ཞུགས་ཡོད།  ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་གྲུབ་རྗེས།  ཚའེ་ཆི་ཡིས།  འདས་ཟིན་པའི་ལོ་གཅིག་ནང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོར་མཐུན་སྒྲིལ་སྣེ་ཁྲིད་གནང་ནས།  ཕྱི་ནང་གཉིས་ཀྱི་དཀའ་ངལ་ཁྱད་བསད་མཐའ་གཅིག་ཏུ་བྱས་པ་དང་།  དཔལ་འབྱོར་བསྐྱར་ཕར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།  དམིགས་འབེན་ལས་འགན་གཙོ་བོ་རྣམས་ཐུགས་གྲ་ལེགས་འགྲིག་བྱུང་བ།  སེམས་ཤུགས་འཕེལ་ནས་དམངས་སེམས་ལ་དྲོ་སྐྱིད་བསྟེར་ཞིང་མི་སེམས་གོང་བུར་འགྲིལ་ཡོད་ཅེས་གསུངས་པ་དང་།  ཚའེ་ཆི་ཡིས།  ཚང་མས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་།  སྲུང་སྐྱོང་གཉིས་ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ལེགས་པར་ཕྲག་ཏུ་འཁུར་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཇུས་འདོན་ཤུགས་འདོན་བཅས་བྱེད་པ། སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་ལེན་བསྟར་བ་དང་། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། མི་དམངས་ལྟེ་བར་བྱེད་པའི་རིག་གནས་སྤུས་དག་གསར་རྩོམ་བྱེད་པ། རིག་གནས་དམངས་ཕན་འདུ་འགོད་ལག་ལེན་བསྟར་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་པ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་བ། རྒྱལ་སྤྱིའི་མི་ཆོས་རིག་གནས་དང་ལུས་རྩལ་སྤེལ་རེས་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཚའེ་ཆི་ཡིས་རིག་གནས་སྒྱུ་རྩལ་དང་ལུས་རྩལ་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོ་དང་རྒྱལ་དོན་མཉམ་གྲོས་གནང་བ།

རིག་གནས་དམངས་ཕན་འདུ་འགོད་ལག་ལེན་བསྟར་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་པ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་བ། རྒྱལ་སྤྱིའི་མི་ཆོས་རིག་གནས་དང་ལུས་རྩལ་སྤེལ་རེས་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།