ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཏིང་ཞུའེ་ཞང་གིས་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་དང་རྒྱལ་དོན་མཉམ་གྲོས་གནང་བ།

2024-03-07 10:01:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྤྱི་ཟླ་༣ཚེས་༦ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་གྲོས་ཚོགས་ནང་ཞུགས་ཡོད། ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་གྲུབ་རྗེས། ཏིང་ཞུའེ་ཞང་གིས།  འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་གོང་འཕེལ་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད། ཀྲུང་དབྱང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་འོག  ཤང་ཀང་དང་ཨའོ་མོན་གོང་འཕེལ་ཐད་རྣམ་པ་གསར་པ་གཏོད་པ་དང་ཉམས་སྣང་གསར་པ་མངོན་ཡོད།  ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་།  ཤང་ཀང་བས་ཤང་ཀང་སྐྱོང་བ། ཨའོ་མོན་བས་ཨའོ་མོན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཤང་ཀང་དང་ཨའོ་མོན་གྱི་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ར་སྲ་བརྟན་དུ་གཏོང་བ་དང་། ཤང་ཀང་གིས་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་23པའི་ཁྲིམས་འཛུགས་གང་མགྱོགས་ལེགས་འགྲུབ་ཡོང་བར་རྒྱབ་སྐྱོར་བྱེད་པ། ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།   རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། ཨུ་ཡོན་རྣམ་པས་རྒྱལ་གཅེས་དང་ཀང་གཅེས་ཨའོ་གཅེས་བཅས་ཀྱི་དར་ཆའི་འོག་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཤང་ཀང་དང་ཨའོ་མོན་གྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཏིང་ཞུའེ་ཞང་གིས་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་དང་རྒྱལ་དོན་མཉམ་གྲོས་གནང་བ།

ཨུ་ཡོན་རྣམ་པས་རྒྱལ་གཅེས་དང་ཀང་གཅེས་ཨའོ་གཅེས་བཅས་ཀྱི་དར་ཆའི་འོག་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཤང་ཀང་དང་ཨའོ་མོན་གྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།