ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་དཔལ་འབྱོར་དང་ཞིང་ལས་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གླེང་བ།

2024-03-07 09:59:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།    ཟླ་3ཚེས་6ཉིན། ལི་ཆང་གིས་དཔལ་འབྱོར་དང་ཞིང་ལས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོ་ཆུང་གི་གྲོས་ཚོགས་ནང་ཞུགས་ཡོད། ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་པའི་རྗེས། ལི་ཆང་གིས། ད་ལོ་རང་རྒྱལ་གྱི་གོང་འཕེལ་ལ་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པ། སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་སྔར་བཞིན་མང་དག་ཅིག་འཕྲད་ཡོད་པས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱེད་དགོས་ཀྱི་ཡོད། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ལྷིང་དང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། སྲིད་ཇུས་ཀྱི་ཡོ་ཆས་གསར་གཏོད་དང་མཐུན་སྦྱོར་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱལ་ནང་གི་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་དེ་བས་ལེགས་པ་བྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་བྱེད་དགོས། དཔལ་འབྱོར་གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་ཤུགས་ཆེན་གཏོད་པ་དང་། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ། བཟང་ཆ་འདོན་སྤེལ་བྱེད་པ། འཕར་གཞི་གསར་པ་གཏོད་པ་བཅས་བྱས་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ལྡེམ་ཤུགས་དང་འགྲན་རྩོད་ནུས་པ་ཤུགས་ཆེར་གཏོང་དགོས། ཞིང་ལས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འབྲུ་རིགས་དང་ཞིང་ལས་་ཐོན་རྫས་གཙོ་བོའི་ཐོན་འབོར་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ལྟོ་ཕོར་དེ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུ་ཟུང་འབྲེལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་གནས་སྒྱུར་མི་འབོར་གྲོང་མིར་འགྱུར་མགྱོགས་སུ་བཏང་ནས། གྲོང་ཁྱེར་ནང་ཡོང་འདོད་པའི་ཞིང་པ་ལས་མི་རྣམས་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཚུགས་ཐུབ་པ་དང་། གྲོང་གསེབ་ཏུ་བསྡད་པའི་ཞིང་པའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་དཔལ་འབྱོར་དང་ཞིང་ལས་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གླེང་བ།

གྲོང་ཁྱེར་ནང་ཡོང་འདོད་པའི་ཞིང་པ་ལས་མི་རྣམས་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཚུགས་ཐུབ་པ་དང་། གྲོང་གསེབ་ཏུ་བསྡད་པའི་ཞིང་པའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།