ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲའོ་ལེ་ཅི་ཡིས་དམངས་གཙོ་མནའ་འབྲེལ་དང་ཞིང་བཟོ་དམངས་གཙོ་ཏང་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གླེང་བ།

2024-03-07 09:59:00     责编:娜科
       འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་3ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་དམངས་གཙོ་མནའ་འབྲེལ་དང་ཞིང་བཟོ་དམངས་གཙོ་ཏང་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོ་ཆུང་གི་གྲོས་ཚོགས་ནང་ཞུགས་ཡོད། ཨུ་ཡོན་ཚོའི་གཏམ་བཤད་གསན་གྲུབ་རྗེས། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་།  འབད་བརྩོན་ལྷོད་མེད་དང་ཞུམ་མེད་མདུན་སྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་སྲ་ཞིང་བརྟན་པའི་གོམ་པ་སྤོས་ཡོད། ལག་ལེན་ལས་ར་སྤྲོད་བྱུང་བར་གཏན་འཁེལ་གཉིས་ནི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་དཀའ་ངལ་འཕྲད་སྐབས་ཀྲུང་གོའི་མི་དམངས་ཀྱིས་ཆེས་བློས་འགེལ་ཆོག་པའི་གཙོ་རྐང་ཡིན། དམངས་གཙོ་མནའ་འབྲེལ་དང་ཞིང་བཟོ་དམངས་གཙོ་ཏང་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ངེས་གནས་ཡང་དག་འཚོལ་བ་དང་། ཁ་ཕྱོགས་གསལ་པོ་བཟོ་བ། གོང་འཕེལ་སེམས་ཤུགས་བརྟན་དུ་གཏོང་བ། སྲིད་ཞུགས་འགན་སྒྲུབ་ཧུར་ཐག་བྱེད་པ་བཅས་བྱས་ནས། རྒྱ་ཁྱབ་ཐོག་སེམས་ནུས་གཅིག་སྒྲིལ་བྱ་རྒྱུའི་རེ་བ་ཡོད། ད་ལོ་ནི་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་ཞིག་རེད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་པ་དང་། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་ཡག་པོ་དང་གོང་འཕེལ་ཡག་པོ། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་མཁན་ཡག་པོ་དང་རོགས་པ་ཡག་པོ། ལས་རོགས་ཡག་པོ་བཅས་བྱེད་དགོས་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཀྲའོ་ལེ་ཅི་ཡིས་དམངས་གཙོ་མནའ་འབྲེལ་དང་ཞིང་བཟོ་དམངས་གཙོ་ཏང་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གླེང་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་མཁན་ཡག་པོ་དང་རོགས་པ་ཡག་པོ། ལས་རོགས་ཡག་པོ་བཅས་བྱེད་དགོས་ཞེས་གསུངས་ཡོད།