ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཞི་ཡིས་དགུ་གསུམ་སློབ་ཚོགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་རིག་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་རྒྱལ་དོན་གླེང་བ།

2024-03-07 09:58:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་3ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་ཡི་དགུ་གསུམ་སློབ་ཚོགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་རིག་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོ་ཆུང་ནང་ཞུགས་ཡོད། ཨུ་ཡོན་ཚོའི་གཏམ་བཤད་གསན་རྗེས། ལི་ཞི་ཡིས། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཕྱི་ཕྱོགས་ཀྱི་སྣོན་ཤུགས་ཐེག་པ་དང་། ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཡོངས་སུ་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་གོམ་སྟབས་བརྟན་པོ་སྤོས་ཐུབ་ཡོད། གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པར། དེའི་ནང་དམངས་གཙོ་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། དེ་བཞིན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་བློ་རིག་དང་སེམས་ནུས་བསྡུས་ཡོད། རེ་བར་ཨུ་ཡོན་རྣམ་པ་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། གཏན་འཁེལ་གཉིས་ལ་སྲུང་བརྩི་མཐའ་གཅིག་ཏུ་ཞུ་བ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་གཞིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། དོགས་གནད་སེལ་བ་དང་། སྔོན་དཔག་ལ་ཁྲིད་སྟོན་བྱེད་པ། སེམས་ཤུགས་ཆེར་གཏོང་། ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱས་ཐོག ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་བཟང་པོར་མཉམ་ཤུགས་འདོན་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཞི་ཡིས་དགུ་གསུམ་སློབ་ཚོགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་རིག་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་རྒྱལ་དོན་གླེང་བ།

སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་གསུངས་ཡོད།