ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་ཡུན་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

2024-03-06 15:25:00     责编:娜科
      འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   སྤྱི་ཚེས་༥ཉིན་གྱི་ཕྱི་དྲོ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཁོང་གནས་སའི་ཡུན་ནན་འཐུས་མི་ཚོགས་པའི་ནང་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་ཡོད། 

འཐུས་མི་ཚོའི་གཏམ་བཤད་གསན་གྲུབ་པའི་རྗེས།  ལི་ཆང་གིས།  འདས་ཟིན་པའི་ལོ་གཅིག་ནང་། རྙོག་འཛིང་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ལྡན་པའི་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱི་རོལ་གྱི་གནོན་ཤུགས་ཐེག་པ་དང་། ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་བྱས་པ། དཀའ་སྤྱད་འབད་བརྩོན་བྱས་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་སུ་ལེགས་སྒྲུབ་བྱུང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱུང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད།  གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན། ང་ཚོས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པར་བྱེད་པ་དང་།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་སྔར་བས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་།  ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་པ།  སྔ་ཕྱི་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད།  བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།  བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་།  གནད་ལ་འཕིགས་པ།  ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ།  སེམས་ཤུགས་ཆེར་གཏོང་དང་། འབད་འབུངས་ཡར་བརྩོན། ཕན་ཡོད་གོ་སྐབས་ཡོད་ཚད་དམ་འཛིན།  ཕན་ཡོད་ཆ་རྐྱེན་ཡོད་ཚད་བེད་སྤྱོད་བཅས་བྱེད་པ། དཔལ་འབྱོར་ངོ་བོའི་ཐོག་ནས་ལེགས་སུ་ནུས་ལྡན་འགྲོ་བ་དང་འབོར་ཚད་ཐོག་ནས་ལུགས་མཐུན་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་རྒྱུན་འཁྱོངས་གཏོང་བ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

   ལི་ཆང་གིས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་གོང་འཕེལ་ལ་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་ཁྱོན་ཡོངས་བཀོད་སྒྲིག་དང་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་གཞིར་བཟུང་།  རང་སོའི་ཁྱད་ཆོས་ལ་གཞིས་ཚུགས་པ་དང་།  བསྡུར་གཞི་ཡོད་པའི་བཟང་ཆ་འདོན་སྤེལ་བྱེད་པ།  ཁྱད་ལྡན་བཟང་ཆའི་ཐོན་ལས་གོང་འཕེལ་གང་ལེགས་གཏོང་བ། ཕྱི་ཕྱོགས་སྒོ་དབྱེ་རང་འགུལ་ངང་ཡག་པོ་གཉེར་བ།  དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་འགན་དམ་འཛིན་གང་ལེགས་བྱེད་པ།  རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་སྔར་བས་ལེགས་པར་ཞུགས་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།    

 

 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཆང་ཡུན་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།