ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཞི་ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

2024-03-06 09:19:00     责编:娜科
       འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚེས་༥ཉིན་གྱི་ཕྱི་དྲོ་ཁོང་གནས་སའི་ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཡོད། འཐུས་མི་ཚོའི་གཏམ་བཤད་གསན་གྲུབ་པའི་རྗེས། ལི་ཞི་ཡིས། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུར་རྦད་དེ་མོས་མཐུན་ཡོད། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཀའ་སྤྱད་འབད་འབུངས་དང་། ཞུམ་མེད་མདུན་སྐྱོད་བྱས་པ། དཀའ་ངལ་དང་འགྲན་རྩོད་མང་པོ་ལས་རྣམ་པར་རྒྱལ་བ་བཅས་ཀྱི་ཐོག་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་གཙོ་བོ་ཐུགས་གྲ་ལེགས་སྒྲིག་བྱུང་བ། གཏན་འཁེལ་གཉིས་དང་། སྲུང་སྐྱོང་གཉིས་ལག་ལེན་བསྟར་བའི་བརྗིད་ཆེའི་སྟོབས་ཤུགས་གང་ལེགས་མངོན་པ།  བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་ཏན་ཏིག་བྱས་ཐོག སེམས་ཤུགས་ཆེ་རུ་གཏོང་བ་དང་། གསར་འབྱེད་ཡར་བརྩོན་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་ཡོད།

  ལི་ཞི་ཡིས།  ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་གཞི་གང་ལེགས་དང་།  ཐོན་ལས་སྤུས་ལེགས། མང་ཚོགས་ཕྱུག་པོ། འབྱུང་ཁམས་མཛེས་སྡུག་བཅས་ཀྱི་ཧྥུ་ཅན་གྱི་བརྗིད་ཆེའི་འཆར་གཞི་བཀོད་ནས་ལོ་ངོ་བཅུ་འཁོར་བའི་ལོ་རེད། ཧྥུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གནང་བའི་ལས་འགན་འགན་འཁྲི་གལ་ཆེན་ཡག་པོ་འཁུར་དགོས་པ་དང་། གོང་འཕེལ་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། སྔར་ལས་ཆེ་བ་བཞིའི་བླང་བྱ་གལ་ཆེན་ལག་བསྟར་ཏན་ཏིག་བྱེད་པ། སྔར་བས་རང་འགུལ་སྒོ་ནས་ཏང་དང་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་ཞུགས་པ། མཚོ་འགག་གཡས་གཡོན་གཉིས་པོའི་མཉམ་འདྲེས་གོང་འཕེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ། ཧྥུ་ཅན་གོང་འཕེལ་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་བཟང་པོ་སླར་ཡང་གཏོད་དགོས་ཞེས་གསུངས་ཡོད།

ལི་ཞི་ཡིས།  སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་པ། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་བསྲིངས་ལྷོད་མེད་སྒོ་ནས་སྤྱོད་བཟང་སྒྲིག་ནན་བྱེད་པ། རུལ་སུངས་བྱེད་མི་ནུས་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ཐོག མང་ཚོགས་ཀྱིས་ལན་ཆ་བྱེད་ཤུགས་ཆེ་བའི་གནད་དོན་མངོན་གསལ་དོད་པོ་རྣམས་ཐག་གཅོད་བྱེད་པ་དང་། རྒྱང་ལམ་གསར་པའི་ཐོག་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཞི་ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།