ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲའོ་ལེ་ཅེས་སི་ཁྲོན་འཐུས་མི་ཚོཊ་པའི་གྲོས་ཞིབ་ནང་ཞུགས་པ།

2024-03-06 09:18:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅེས་ཚེས་5ཉིན་གྱི་ཕྱི་དྲོ་ཁོང་གནས་སའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་བ་རེད།  འཐུས་མི་ཚོའི་གཏམ་བཤད་གསན་གྲུབ་རྗེས་ཁོང་གིས།  ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་ལས་དོན་སྙན་ཞུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་ཞིག་ཡིན་པ་དང་།  བདེན་འཚོལ་དངོས་སྒྲུབ་དང་།  གསར་གཏོད་ཡར་བརྩོན།  མཐུན་སྒྲིལ་དང་ངར་ཤུགས་ལྡན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།

ཀྲའོ་ལེ་ཅེས།  སྤྱི་ལོ་2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་རེད།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་པ་དང་།  བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སེམས་ནུས་གཅིག་སྒྲིལ་དང་།  རྒྱུན་མཐུད་འབད་འཐབ། དཀའ་སྤྱད་མདུན་སྐྱོད་བཅས་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་གོམ་པ་བརྟན་པོ་སྤོས་ཡོད།  གཏན་འཁེལ་གཉིས་ནི་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་བ་དང་།  གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དེ་ཡིན་པ་དང་།  དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལེགས་སྒྲུབ་བྱེད་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་དོན་དངོས་ལས་སླར་ཡང་ར་སྤྲོད་བྱས་ཡོད།    སྔར་བས་རང་རྟོགས་ངང་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་།  བློ་སྤོབས་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ།  བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཀྲའོ་ལེ་ཅེས།  སི་ཁྲོན་གྱི་འདས་ཟིན་པའི་ལོ་གཅིག་ནང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་།  སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།  སྲིད་གཞུང་ལས་དོན་སྙན་ཞུའི་ནང་གི་ཕྱོགས་བཅུའི་བཀོད་ཇུས་བཀོད་སྒྲིག་ལྟར།  རང་ས་ཁུལ་གྱི་དོན་དངོས་ལ་གཞིགས་པ་དང་།  གསར་གཏོད་རང་བཞིན་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སི་ཁྲོན་ལག་ལེན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།  ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་པ་དང་གོང་འཕེལ་བཏང་ཐོག་རྒྱལ་ཁབ་གོང་འཕེལ་གྱི་འཐབ་ཇུས་ནང་ ཞབས་ཞུ་དང་མཉམ་འདྲེས་སྔར་ལས་ལྷག་པ་ཐུབ་པ་དང་།  གོང་འཕེལ་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ།  མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་ལ་ལག་ལེན་བསྟར་བའི་ཁུལ་གང་མགྱོགས་འཛུགས་པ།  སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐུགས་རེ་གནང་བ་རེད།

ཀྲའོ་ལེ་ཅེས།  ད་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་།  འཐུས་སྒོ་ཇེ་ཚང་།  བེད་སྤྱོད་ཡག་པོ་བཅས་བྱས་ཏེ།  སྤུས་ཚད་མཐོ་པོས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་གསུངས་པ་རེད།  

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཀྲའོ་ལེ་ཅེས་སི་ཁྲོན་འཐུས་མི་ཚོཊ་པའི་གྲོས་ཞིབ་ནང་ཞུགས་པ།

སྤུས་ཚད་མཐོ་པོས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་གསུངས་པ་རེད།