ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཚོགས་ཆེན་གྱི་ཉིན་རེའི་ལས་རིམ་སོགས་གཏན་འཁེལ་བྱས་པ།

2024-03-05 17:37:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།       སྤྱི་ཚེས་4ཉིན་གྱི་སྔ་དྲོ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་དང་པོ་འཚོགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ལ་ཞུགས་དགོས་པའི་མི་181ཡོད་པ་དང་། མི་180གྲོས་ཚོགས་ལ་ཞུགས་པ། མི་1གྲོས་ཚོགས་ལ་ཞུགས་ཐུབ་མེད་པ།  གྲོས་ཚོགས་ལ་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

གྲོས་ཚོགས་ཐོག་དང་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་དེ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་།  ཨུ་ཡོན་ཀྲང་གཞོན་པ།  དྲུང་ཡིག་ཆེན་མོ་བཅས་ཀྱིས་འཁུར་རྒྱུ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྐོང་བསྡུ་མ་ཟད་གཙོ་སྐྱོང་བྱ་རྒྱུ་ཡིན་པ་རེད། 

གྲོས་ཚོགས་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཉིན་རེའི་ལས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། གྲོས་ཚོགས་ཀྱི་ཉིན་རེའི་ལས་རིམ་གཞིར་བཟུང་། ད་ཐེངས་ཀྱི་ཚོགས་ཆེན་དེ་སྤྱི་ཟླ་3ཚེས་5ཉིན་གྱི་སྔ་དྲོ་ཚོགས་རྒྱུ་དང་། སྤྱི་ཟླ་3ཚེས་11ཉིན་གྱི་ཕྱི་དྲོ་གྲོལ་རྒྱུ་ཡིན་པ།  ཚོགས་ཡུན་ཉིན་7ཡིན་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་ལམ་སྲོལ་གྱི་གཏན་འབེབས་གཞིར་བཟུང་།  ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་ཞིག་བདམས་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན་པ་རེད། བརྡས་ཐག་བཅད་པ་བརྒྱུད།  གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འོས་འདེམས་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད།  ལིའུ་ཆི་དང་། ལིའུ་ཅུན་ཁྲེན། ཤིན་ཁྲུན་དབྱིང་། ལོའུ་ཆིང་ཅན། ཁུང་ཧྲའོ་ཤུན། ལིའུ་ཅན་པོ་བཅས་གྲོས་ཚོགས་ཀྱི་དྲུང་ཆེ་གཞོན་པར་གཏན་འཁེལ་བྱས་ཡོད།  གྲོས་ཚོགས་ཐོག ལོའུ་ཆིན་ཅན་གྱིས་ཚོགས་ཆེན་གྱི་མགྲིན་ཚབ་པ་བྱ་རྒྱུའི་འགན་གཅིག་ལྕོག་འཁུར་རྒྱུའི་གཏན་འཁེལ་བྱས་ཡོད།

གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད།  ཚོགས་ཆེན་ཚོགས་རིང་འཐུས་མིས་གྲོས་གཞི་འདོན་པའི་མཚམས་འཇོག་དུས་ཚོད་དེ་སྤྱི་ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12བར་ཡིན་པ་རེད། ཚོགས་འདུའི་རིང་། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མི་ཚོགས་པ་དང་འཐུས་མིས་ཚོགས་ཆེན་ཚོགས་རིང་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱས་ནས་ཐག་གཅོད་བསམ་འཆར་འདོན་དགོས་པ་དང་། ཀྲུའུ་ཞི་ཚོགས་པར་སྙན་ཞུ་ཕུལ་ནས་གཏན་འཁེལ་བྱེད་དགོས། 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཚོགས་ཆེན་གྱི་ཉིན་རེའི་ལས་རིམ་སོགས་གཏན་འཁེལ་བྱས་པ།

འཐུས་མི་ཚོགས་པ་དང་འཐུས་མིས་ཚོགས་ཆེན་ཚོགས་རིང་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱས་ནས་ཐག་གཅོད་བསམ་འཆར་འདོན་དགོས་པ་དང་། ཀྲུའུ་ཞི་ཚོགས་པར་སྙན་ཞུ་ཕུལ་ནས་གཏན་འཁེལ་བྱེད་དགོས།