ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་མི་ཐབས་རིག་ནུས་གསར་གཏོད་འཕེལ་རྒྱས་ཐད་ལ་གྲོས་བསྡུར་གནང་བ།

2024-03-04 15:45:00     责编:娜科
 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཐོག འཐུས་མི་དང་ཨུ་ཡོན་ཚོས་མི་ཐབས་རིག་ནུས་གསར་གཏོད་འཕེལ་རྒྱས་ལ་གྲོས་བསྡུར་བྱས་ནས། རྒྱང་ལྟའི་རང་བཞིན་དང་གསལ་རྟོགས་ནུས་པ་ལྡན་པའི་གྲོས་འགོ་དང་གྲོས་གཞི་བཏོན་གནང་བ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིན་ཝུའེ་ཏུང་གིས་རང་རྒྱལ་གྱིས་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་གོ་སྐབས་སྟངས་འཛིན་ཡག་པོ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག ཁོང་གིསཐོན་གསར་པའི་གྲངས་འཛིན་ལག་རྩལ་དང་མི་ཐབས་རིག་ནུས་སོགས་ལ་དམིགས་ཏེ་གྲོས་འགོ་2བསྣམས་ཕེབས་ཡོད།  མིང་ཝུའེ་ཏུང་གིས་མི་ཐབས་རིག་ནུས་ནི་ཁྱབ་ཁོངས་ཧ་ཅང་ཆེན་པོ་ཞིག་ཡིན་པས། ཐོན་སྐྱེད་ཀྱི་ཐད་དོན་འཁྱོལ་ཡོང་བ་བྱས་ནས། མི་གཟུགས་འཕྲུལ་མི་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཞེས་གསུངས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧོ་ཧན་གྱིས་ལྗོངས་རྣམ་འཕེལ་རྒྱས་གཏོང་རྒྱུ་དེ་དཔེ་དབྱིབས་ཆེན་པོའི་ལག་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གལ་ཆེན་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་འདི་ལོའི་ཚོགས་ཆེན་ གཉིས་ཀྱི་རིང་ཁོང་གིསམི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོའི་ལག་རྩལ་བཀོལ་སྤྱོད་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་གྲོས་གཞིབསྣམས་ཡོད་པ་རེད།

ཧོ་ཧན་གྱིས་ས་གནས་སྲིད་གཞུང་དང་། སྣེ་ཁྲིད་ཁེ་ལས། ལས་རིགས་མཐུན་ཚོགས། ཆེད་ལས་ཞབས་ཞུའི་སྒྲིག་གཞི་བཅས་ཀྱིས་རྒྱལ་ཡོངས་ཀྱི་རིམ་པ་དང་། ས་གནས་རིམ་པ། ལས་རིགས་རིམ་པ་སོགས་རིམ་པ་མང་བའི་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་མོའི་ལག་རྩལ་བཀོལ་སྤྱོད་རྣམ་པ་མཁོ་འདོན་སྦྲེལ་མཐུད་སྟེགས་བུ་བཏོད་དེ། ལག་རྩལ་དང་། དཔེ་དབྱིབས། གྲངས་གཞི་སོགས་ཐོན་ཁུངས་སྦྲེལ་མཐུད་བྱས་ནས་མཁོ་སྤྲོད་མཐུན་སྦྱོར་གྱི་ལས་ཕྱོད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།

AIལག་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་ཆབས་ཅིག རང་རྒྱལ་དུ་མི་ཐབས་ལ་བརྟེན་པའི་རིག་ནུས་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལིའུ་ཆིང་ཧྥུང་གིས་འདི་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག་འབྲེལ་ཡོད་རིག་ཚན་ཁག་ལ་མི་ཐབས་རིག་ནུས་ཀྱི་ཤེས་བྱ་ཁྱབ་གདལ་གྱི་སློབ་ཁྲིད་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་པ་རེད།  

ལིའུ་ཆིང་ཧྥུང་གིས་ཚེ་སྲོག་ཚན་རིག་དང་། རྫས་འགྱུར་རིག་པ། སྨན་བཟོ། དངོས་ཁམས་རིག་པ་བཅས་ཀྱི་རྒྱུ་ཆའི་ཁྱབ་ཁོངས་ཁག་ཏུ་མི་ཐབས་ལ་བརྟེན་པའི་རིག་ནུས་ཀུན་འཕྲོད་སློབ་ཚན་ཁྲིད་དགོས་ཞེས་གསུངས་པ་རེད།

མི་ཐབས་རིག་ནུས་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེའི་ལྟེ་བའི་ལག་རྩལ་ཞིག་ཡིན་ཞིང་། དེས་ཐོན་སྐྱེད་ནུས་ཤུགས་ཆེས་ཆེར་བཏང་ཡོད་མོད། འོན་ཀྱང་གྲངས་གཞི་ཕྱིར་བསྒྲགས་དང་ཁ་བསླུས་རྒྱག་པ་སོགས་བདེ་འཇགས་ཀྱི་ཉེན་ཁ་ཡང་དེ་བསྟུན་གྱི་ཆེ་རུ་ཕྱིན་ཡོད། དེར་བརྟེན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆི་ཤང་ཏུང་གིས་འདི་ལོའི་ཚོགས་ཆེན་གཉིས་ལ་བསྣམས་ཕེབས་པའི་གྲོས་གཞི་ནིAI+བདེ་འཇགས་གསར་གཏོད་གོང་འཕེལ་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་འགན་ལེན་བྱེད་དགོསཞེས་པ་དེ་ཡིན།

ཆི་ཤང་ཏུང་གིས་ལས་རིགས་ཁག་གི་སྣེ་འདྲེན་ཀུང་སི་དང་དྲ་རྒྱའི་བདེ་འཇགས་ཀུང་སི་མཉམ་ལས་བྱས་ནས། AIཡི་བདེ་འཇགས་ལག་རྩལ་གྲངས་གཞི་ཅན་གྱི་རྣམ་པའི་ཁྲོད་མཉམ་འདྲེས་བྱས་ཏེ། ནུས་ལྡན་གྱི་བདེ་འཇགས་འགོག་སྲུང་བྱ་རྒྱུར་ལྕག་སྐུལ་བྱེད་དགོས། AIནུས་པར་བརྟེན་ནས་དྲ་རྒྱའི་བདེ་འཇགས་ལག་རྩལ་གསར་གཏོད་དང་བདེ་འཇགས་འགོག་སྲུང་མ་ལག་གསར་གཏོད་བྱེད་མགྱོགས་སུ་གཏོང་དགོས་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་མི་ཐབས་རིག་ནུས་གསར་གཏོད་འཕེལ་རྒྱས་ཐད་ལ་གྲོས་བསྡུར་གནང་བ།

AIནུས་པར་བརྟེན་ནས་དྲ་རྒྱའི་བདེ་འཇགས་ལག་རྩལ་གསར་གཏོད་དང་བདེ་འཇགས་འགོག་སྲུང་མ་ལག་གསར་གཏོད་བྱེད་མགྱོགས་སུ་གཏོང་དགོས་ཞེས་གསུངས་ཡོད།