ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་རིའི་ཚོང་ཚོགས་ཀྱི་ཚོགས་པ་དང་ཐུག་འཕྲད་གནང་བ།

2024-02-29 15:10:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ་2ཚེས་28ཉིན་པེ་ཅིང་དུ་ཨ་རིའི་ཚོང་ཚོགས་ཀྱི་ཚོགས་གཙོ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཁེ་ལ་ཁེས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཚོགས་པ་དང་ཐུག་འཕྲད་གནང་བ་རེད། 
ལི་ཆང་གིས། ད་ལོ་ནི་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་45འཁོར་བའི་ལོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཐད་ཚད་མཐོའི་གསབ་རེས་ཡོད་པ་དང་། ཁེ་ཕན་མཉམ་འདྲེས་ཟབ་མོ་ཡོད་པས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་མཉམ་རྒྱལ་ཡིན། “འབྲེལ་ཐག་གཅོད་པ”དང“སྒོ་ར་ཆུང་ཆུང་ལ་གྱང་མཐོ་པོ་བརྩེགས་པ”ལྟ་བུ་ནི་ཕྱོགས་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་གྱི་མེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། ཨ་རིའི་ཁེ་ལས་ཀྱིས་མུ་མཐུད་ཀྲུང་གོར་མ་འཇོག་དང་ཀྲུང་གོའི་ཁྲོམ་རར་ཟབ་ཞུགས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨ་རིའི་ཚོང་ཚོགས་དང་ཁེ་ལས་མཁས་ཅན་ཚོས་མུ་མཐུད་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་སྤེལ་རེས་དང་ཕན་ཚུན་བསམ་ཤེས་དེ་བས་མང་ཙམ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
ཁེ་ལ་ཁེས། ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་དབར་འབྲེལ་ཐག་གཅོད་པ་ནི་སྤྱོད་གོ་ཆོད་པའི་གདམ་ག་ཞིག་མིན། ཨ་རིའི་ཚོང་ཚོགས་ཀྱིས་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཨ་རི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་འབད་བརྩོན་བྱས་ནས། ཨ་རི་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 
ཝུའུ་ཀྲེང་ལུང་གོང་གསལ་གྱི་ཐུག་འཕྲད་ནང་ཞུགས་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་རིའི་ཚོང་ཚོགས་ཀྱི་ཚོགས་པ་དང་ཐུག་འཕྲད་གནང་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ་2ཚེས་28ཉིན་པེ་ཅིང་དུ་ཨ་རིའི་ཚོང་ཚོགས་ཀྱི་ཚོགས་གཙོ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཁེ་ལ་ཁེས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཚོགས་པ་དང་ཐུག་འཕྲད་གནང་བ་རེད།