ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྤྱི་ཁྱབ་ལས་བྱ་དང་མཇལ་མོལ་གནང་བ།

2024-02-29 15:07:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༢པའི་ཚེས་༢༨ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྤྱི་ཁྱབ་ལས་བྱ་སེ་ཧའེ་ཐེ་དང་མཇལ་མོལ་གནང་ཡོད། 
ཧན་ཀྲེང་གིས། ཞི་ཅིན་ཕིང་གི་འབྱུང་ཁམས་དཔལ་ཡོན་དགོངས་པའི་སྣེ་ཁྲིད་འོག་ཏུ་ཀྲུང་གོའི་སྲིད་གཞུང་གིས་སྦགས་མེད་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་ལག་བསྟར་བྱས་པ་དང་།  མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ནི་གོ་ལ་ཧྲིལ་པོའི་ཁོར་སྲུང་སྒྲིག་འཛུགས་ཀྱི་ཡ་གྱལ་ཞིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་༨༠པར་གདན་ཞུས་ལྟར་ཀྲུང་གོར་དོམ་ཁྲའི་སྲུང་སྐྱོབ་སྐོར་གྱི་མཉམ་ལས་གནང་བར་ཕེབས་ནས།  ཀྲུང་གོའི་འབྱུང་ཁམས་ཁོར་ཡུག་འཛུགས་སྐྲུན་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།  རང་བྱུང་ཁོར་ཡུག་ནི་མིའི་རིགས་འཚོ་གནས་ཀྱི་རྨང་གཞི་ཡིན་པས་གཏོར་སྐྱོན་ཕོག་ཚེ་ཉམས་བཟོ་བྱེད་ཤིན་ཏུ་དཀའ་བ་ཞིག་རེད།  ཀྲུང་གོས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་། གོ་ལ་ཧྲིལ་པོའི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལྷན་ཞུགས་པ་དང་།  ལེགས་སྐྱེས་འབུལ་མཁན།  སྣེ་ཁྲིད་པ་བཅས་ཡིན་ཞིང་།  ཐེབས་རྩ་ལྷན་ཚོགས་དབར་གྱི་མཉམ་ལས་མུ་མཐུད་ནས་དམ་ཟབ་ཏུ་གཏོང་བ་དང་གོ་ལ་ཧྲིལ་པོའི་འབྱུང་ཁམས་ཀྱི་འགྲན་རྩོད་དག་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་ཡོད།
ཀྲུང་གོས་གོ་ལ་ཧྲིལ་པོའི་རང་བྱུང་སྲུང་སྐྱོབ་དང་འབྱུང་ཁམས་བཅོས་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་སེ་ཧའེ་ཐེས་བསྔགས་བརྗོད་ཆེན་པོ་གནང་བ་དང་།  ཁོང་གིས།   ཀྲུང་གོའི་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།  

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཧན་ཀྲེང་གིས་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྤྱི་ཁྱབ་ལས་བྱ་དང་མཇལ་མོལ་གནང་བ།

སྤྱི་ཟླ་༢པའི་ཚེས་༢༨ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྤྱི་ཁྱབ་ལས་བྱ་སེ་ཧའེ་ཐེ་དང་མཇལ་མོལ་གནང་ཡོད།