ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུ་གཙོ་སྐྱོང་གནང་བ།

2024-02-28 14:28:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བཅུ་བཞི་པ་ཚེས་27ཉིན་པི་ཅིང་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་ཡོད། 
གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། ཝང་ཧུའུ་ཉིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། སྲིད་གྲོས་ཀྱི་འགན་སྒྲུབ་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་ཏན་ཏིག་ཡོང་བ་བྱེད་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པར་གཞིགས་ནསགྲོས་མོལ་སྲིད་གླེང་གཏིང་ཟབ་བྱེད་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ནས་བརྟག་ཞིབ་བྱེད་སྒོ་བརྟན་པོའི་ངང་སྤེལ་བ། ཞིབ་འཇུག་བྱས་ནས་དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་འགོ་འདོན་པ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རམ་འདེགས་དེ་བས་ལེགས་པ་བྱེད་དགོས། སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་གསར་ཐོན་སྐྱེད་ནུས་པའི་གོང་འཕེལ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཆེད་དོན་སློབ་སྦྱོང་བྱེད་པ་དང་། སྔ་ལྟའི་རང་བཞིན་དང་། གསར་གཏོད་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་ཤུགས་ཆེར་བཏང་ནས། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱེད་དགོས། མི་དམངས་སྲོད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱེད་པ་དང་། ཨུ་ཡོན་གྱིས་དམངས་ལ་ཞབས་ཞུ་སྒྲུབ་ཅེས་པའི་འགན་སྒྲུབ་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ནས། སྲིད་གྲོས་ཨུ་ཡོན་གྱིས་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་། དམངས་ཀྱི་ཆེད་དུ་འོས་འགན་སྒྲུབ་གང་ཐུབ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་ཡོད།
གྲོས་ཚོགས་ཐོག སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་ལག་བསྟར་ཀྲུའུ་ཞི་དང་གཙོ་སྐྱོང་བའི་མཚན་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཡོད། ཝང་ཧུའུ་ཉིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཡག་པོ་ཚོགས་དགོས་པའི་སྐོར་གྱི་མཇུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། གྲོས་ཚོགས་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། གྲོས་མོལ་སྲིད་གླེང་གི་སྤུས་ཚད་གོང་མཐོར་གཏོང་ཆེད་འབད་བརྩོན་བྱེད་པ་བཅས་བྱས་ནས། བློ་རིག་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་། སེམས་ཤུགས་དང་སྟོབས་ཤུགས་ཁྱབ་མདལ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ཞིབ་ཕྲའི་ལག་བསྟར་གཏན་འབེབས་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ནས། གྲོན་བྱུང་བསྲི་ཚགས་ཀྱིས་ཚོགས་འདུ་ཚོགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚོགས་འདུའི་རྣམ་པ་རྒྱུན་མཐུད་ལེགས་སུ་གཏོང་བ། ལས་དོན་ཁག་ལག་བསྟར་ཞིབ་ཚགས་དང་ནན་པོ་བཅས་བྱེད་དགོས་ཞེས་གསུངས་ཡོད།
ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་2024ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་བྱས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་རླབས་ཆེ་བའི་འཕེལ་རིམ་ཞེས་པ་དེ་ཡིན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེན་ལི་ཡིས་མདན་ཞུ་ལྟར་སྙན་ཞུ་གནང་ཡོད།   
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲེན་ཡུའེ་ཡུའེ། ལིའང་ཀྲེན་དབྱིང་། སུའུ་ཧུའེ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གནང་བར་གཞིགས་ནས་གཏམ་བཤད་སྤེལ་གནང་ཡོད། 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བཅུ་བཞི་པ་ཚེས་27ཉིན་པི་ཅིང་དུ་སྐོང་འཚོགས་བྱས་ཡོད།