ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

2024ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་བེད་སྤྱོད་གཏོང་འགོ་ཚུགས་པ།

2024-02-28 14:26:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 2024ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་ཉེར་ཡོད་པའི་མཚམས་འདིར། པེ་ཅིང་མེ་ཏི་ཡ་ལྟེ་གནས་སུ་བཙུགས་པའི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཚེས་27ཉིན་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཤིང་། ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་སྒོ་དབྱེ་དང་ཕྱི་གསལ་ནང་གསལ་གྱི་སྙིང་སྟོབས་ཐོག་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་གསར་འགྱུར་ཞབས་ཞུ་སྒྲུབ་རྒྱུ་ཡིན་པ་རེད། 
སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཁག་སོ་སོར་ཟླ་3ཚེས་5ཉིན་དང་ཟླ་3ཚེས་4ཉིན་པེ་ཅིང་དུ་འཚོག་རྒྱུ་རེད། མིག་སྔར་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་3000ལྷག་ཙམ་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་བཅར་འདྲི་བྱ་རྒྱུའི་མིང་ཐོ་བཀོད་ཡོད་ཅིང་། དེའི་ནང་རྒྱལ་ནང་གི་གསར་འགོད་པ་2000ལྷག་ཙམ་དང་། ཤང་ཀང་དང་ཨའོ་མོན་ཐའེ་ཝན་བཅས་ཀྱི་གསར་པ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་1000ལྷག་ཡོད་ཅིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་མིང་ཐོ་འགོད་པའི་གྲངས་འབོར་བཅས་ཉེ་བའི་ལོ་ཤས་རིང་དང་བསྡུར་ན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད། 
ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་ད་དུང་དྲ་སྦྲེལ་བརྒྱུད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་བཅར་འདྲི་བྱེད་པར་ཞབས་ཞུ་དང་སྟབས་བདེ་བསྐྲུན་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཚོགས་འདུའི་ཡིག་ཆ་གཙོ་བོའི་གློག་རྡུལ་པར་གཞི་མཁོ་འདོན་བྱ་རྒྱུ་ཡིན་པས། སྨྱན་སྦྱོར་ཚན་པའི་གསར་འགོད་པས་ས་ཡུལ་དངོས་སུ་དུས་ཡུན་རིང་པོ་གྲལ་བསྒྲིགས་ནས་སྒུག་དགོས་ཀྱི་མེད། འཐུས་མི་དང་ཨུ་ཡོན་གྱི་བཞུགས་གནས་སུ་བཅར་འདྲི་བྱེད་ས་བཙུགས་ནས། འཐུས་མི་དང་ཨུ་ཡོན་ཚོས་སྨྱན་སྦྱོར་ཚན་པའི་བཅར་འདྲི་དང་ལེན་ཞུ་ཆེད་སྟབས་བདེའི་ཞབས་ཞུ་སྒྲུབ་རྒྱུ་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

2024ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་བེད་སྤྱོད་གཏོང་འགོ་ཚུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 2024ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་ཉེར་ཡོད་པའི་མཚམས་འདིར།