ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀན་སུའུ་ཅི་ཧྲི་ཧྲན་མི་དམངས་སྨན་ཁང་གི་ནད་ཞབས་པ་མ་ཤིའུ་དབྱིང་གིས། ནད་ཞབས་ལས་དོན་གྱི་འཐབ་ས་མདུན་མར་གཞི་ཚུགས་པ་དང་། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་གནང་བ།

2024-02-28 14:25:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 《འགན་སྒྲུབ་ལོ་གཅིག་》ཞེས་པའི་ནང་། དེ་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་མི་དམངས་སྨན་ཁང་ནད་ཞབས་པུའི་ཀྲུའུ་རེན་གཞོན་པ་མ་ཤིའུ་དབྱིང་གི་སྐོར་དེ་ཞུ་རྒྱུ་ཡིན། འདས་ཟིན་པའི་ལོ་གཅིག་ནང་། མ་ཤིའུ་དབྱིང་གིས་བཅར་འདྲི་དང་བརྟག་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་གནང་ནས། གཞི་རིམ་སྨན་བཅོས་འཕེལ་རྒྱས་ཀྱི་དཀའ་གནད་དང་འགག་གནད་ལ་དམིགས་ཏེ། གཞི་རིམ་གྱི་སྨན་བཅོས་སྐྱེ་ལྡན་སྟོབས་ཤུགས་ཆེ་རུ་གཏོང་ཆེད་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད། 
ན་ནིང་ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2རྒྱག་སྐབས། མ་ཤིའུ་དབྱིང་དང་ལས་རོགས་ཚོ་འཕྲལ་མར་ཡོམ་ཁུལ་དུ་འཛོམས་ནས། རྨས་མ་འབོར་ཆེན་སྐྱོབ་བཅོས་ཀྱི་ལས་འགན་འཁུར་ཡོད། མ་ཤིའུ་དབྱིང་གིས། སྐབས་དེ་དུས་རང་ཉིད་ལ་ནུས་པ་དཔེ་མི་སྲིད་ཡོད་ན་ཅི་མ་རུང་སྙམ་བྱུང་། ད་ཐེངས་ཀྱི་ས་ཡོམ་བརྒྱུད་ནས་ཤེས་ལྡན་མི་སྣ་དང་ལག་རྩལ་གྱི་སྟོབས་ཤུགས་ཅུང་ཞན་པའི་གནད་དོན་འདི་དག་དེ་བས་གསལ་པོ་མཐོང་བྱུང་ཞེས་གསུངས་འདུག
ཁོག་ནད་ཚན་ཁག་དང་བྱིས་པའི་ཚན་ཁག་ནས་བུ་བཙའི་ཚན་ཁག་བར་མ་ཤིའུ་དབྱིང་གིས་ལོ་མང་རིང་ནད་ཞབས་ལས་དོན་གྱི་འཐབ་ས་དང་པོར་གཞི་ཚུགས་ཡོད། འདས་ཟིན་པའི་ལོ་གཅིག་ནང་། ཁོང་ཕེབས་མང་ཤོས་ཀྱི་ས་ཆ་ནི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་རེད། 
དེ་ལྟར་ས་ཆ་རེ་རེར་སླེབས་རིམ་བཞིན་ཁོང་གིས་ཤང་དང་གྲོང་ཚོའི་སྨན་པར་འཕྲད་པའི་དཀའ་ངལ་གང་དག་འཕྲལ་མར་ཐག་གཅོད་བྱེད་དགོས་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་ཇི་ལྟར་བྱས་ནས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱིས་ནད་ལྟ་བའི་དགོས་མཁོ་སྐོང་གང་ཐུབ་བྱེད་དགོས་པའི་སྐོར་ཤེས་རྟོགས་བྱེད་འདོད་གནང་གི་ཡོད། 
མ་ཤིའུ་དབྱིང་གིས། ཤང་དང་གྲོང་རྡལ་ཁག་ཏུ་ཁྱབ་པའི་གཞི་རིམ་འཕྲོད་བསྟེན་ཁང་ནི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་པའི་ས་ཚིགས་དང་པོ་དེ་རེད། སྨན་དོན་མི་སྣས་ནད་གཞི་སྣ་ཚོགས་མགྱོགས་མྱུར་ཐག་གཅོད་བྱེད་དགོས་པ་མ་ཟད། འཕྲོད་བསྟེན་ཁང་གིས་ཀྱང་རྨང་གཞིའི་ནད་གཞི་སྐྱོབ་བཅོས་དང་འགན་ལེན་སྟོབས་ཤུགས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་འདུག 
ན་ནིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག མ་ཤིའུ་དབྱིང་གིས་གྲོང་གསེབ་སྨན་པའི་སྒྲིག་ཁོངས་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་གྲོས་འགོ་བཏོན་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་དེར་འཕྲལ་མར་ལན་བརྒྱབ་ཡོད།
མ་ཤིའུ་དབྱིང་གིས། འདི་ལོ་ང་ཚོའི་ལིན་ཞ་ཁུལ་གྱིས་ཀྱང་གཞི་ཁྱོན་ཆེ་རུ་བཏང་བ་དང་ཤང་གྲོང་གི་སྨན་པ་བསྡུ་བཞིན་ཡོད། འདི་ལོ་བསྡུས་པའི་ཤང་གྲོང་གི་སྨན་པ་དེ་དག་ཚང་མར་སྒྲིག་ཁོངས་ཡོད་ཅེས་གསུངས་འདུག
འདི་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག མ་ཤིའུ་དབྱིང་གིས་རྫོང་ཁོངས་སྨན་ཁང་གི་སྨན་བཅོས་སྐྱོབ་བཅོས་ནུས་པར་གཙོ་གནད་ཐོག་དོ་ཁུར་གནང་ཡོད་ཅིང་། ཁོང་གིས་ཆེད་ལས་ཚན་ཁག་གི་ནུས་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། མཁྲེགས་ཆས་དང་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་པ་རེད།
མ་ཤིའུ་དབྱིང་གིས།  རྒྱལ་ཁབ་ཀྱི་མཐོ་སློབ་དང་གསོ་རིག་རིགས་ཀྱི་སློབ་གླིང་དང་སློབ་ཆེན་གྱིས་ང་ཚོ་མི་རིགས་ས་ཁུལ་གྱི་གསོ་རིག་སློབ་མའི་སློབ་བསྡུའི་དམིགས་ཚད་ཆེ་རུ་བཏང་སྟེ་ང་ཚོ་མི་རིགས་ས་ཁུལ་ལ་ས་གནས་དེ་གའི་གསོ་རིག་རིགས་ཀྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ནས། ས་གནས་དེ་གའི་མི་དམངས་ལ་ཞབས་ཞུ་སྒྲུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀན་སུའུ་ཅི་ཧྲི་ཧྲན་མི་དམངས་སྨན་ཁང་གི་ནད་ཞབས་པ་མ་ཤིའུ་དབྱིང་གིས། ནད་ཞབས་ལས་དོན་གྱི་འཐབ་ས་མདུན་མར་གཞི་ཚུགས་པ་དང་། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 《འགན་སྒྲུབ་ལོ་གཅིག་》ཞེས་པའི་ནང་། དེ་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།