ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་གྱི་ལོ་བཅུའི་རིང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

2024-02-28 14:22:00     责编:卓玛才让
འདི་ལོ་ནི་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད།འདི་ལོ་ནི་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་27ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག འབྲེལ་ཡོད་ཚན་པས་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་གྱི་ལོ་བཅུའི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད། 
པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུ་ནི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ས་ཁོངས་གོང་འཕེལ་གྱི་འཐབ་ཇུས་གལ་ཆེན་དང་པོ་དེ་ཡིན་ཞིང་། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་རིགས་སེལ་རྒྱུར་འགག་གཏོར་རང་བཞིན་གྱི་འཕེལ་རིམ་ཐོན་པ་དང་། པེ་ཅིང་དེ་ཉིད་རྒྱལ་ཡོངས་ཀྱི་འབོར་གྲངས་ཉུང་དུ་བཏང་ནས་འཕེལ་རྒྱས་གཏོང་བའི་གྲོང་ཁྱེར་ཆེན་པོ་དང་པོ་དེར་གྱུར་ཡོད། རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་ཀོ་ལན་ཧྥུང་གིས། ང་ཚོས་རྒྱལ་སའི་བྱེད་ནུས་མིན་པ་སེལ་བའི་ཇུས་གཞི་དང་སྲིད་ཇུས་མ་ལག་བཙུགས་ནས། མཐོ་རིམ་སློབ་གྲྭ་དང་སྨན་ཁང་། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྤྱི་ཁྱབ་པུའུ་ཞུང་ཨན་ཁུལ་གསར་དུ་གནས་སྤོས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ་དང་དུས་མཚུངས། ཐེམ་ཐོ་དང་མ་འཇོག དེ་བཞིན་ཞུང་ཨན་དུ་སྤོས་པའི་ལས་བཟོ་བའམ་ཡང་ན་ཁེ་ལས་ཀྱི་གླ་ཕོགས་ཡོང་འབབ་སོགས་ཀྱི་ཐད་སྲིད་ཇུས་ཀྱང་བཏོན་ཡོད་ཅེས་ངོ་སྤྲོད་གནང་ཡོད། 
མིག་སྔར་ཞུང་ཨན་ཁུལ་གསར་དེ་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་བྱེད་པ་དང་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་རིགས་སེལ་བ་དེ་དང་ལེན་བྱེད་པ་གཉིས་མཉམ་དུ་མཐོང་ཆེན་བྱེད་པའི་དུས་མཚམས་སུ་སླེབས་ཡོད། 
ཀོ་ལན་ཧྥུང་གིས། མིག་སྔར་ཞུང་ཨན་ཁུལ་གསར་གྱི་གྲོང་ཁྱེར་གྱི་སྒྲོམ་གཞི་གཞི་རྩའི་ཆ་ནས་མངོན་པ་དང་། ཕྱི་ཕྱོགས་ཀྱི་གཞུང་ལམ་གཙོ་བོའི་དྲ་བ་ཁྱོན་ཡོངས་ནས་བསྐྲུན་ཟིན་པ། པའེ་དབྱང་ཏེན་གྱི་ཆུའི་སྤུས་ཚད་རིགས་3པར་རྒྱུན་འཁྱོངས་ཐུབ་པ། ཁུལ་གསར་དུའང་རང་ཉིད་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ཨང་རྟགས་དང་རླངས་འཁོར་གྱི་ཨང་རྟགས་སོགས་ཡོད་ཅེས་བཤད་ཡོད། 
པེ་ཅིང་གྲོང་ཁྱེར་ལྟེ་བ་ཕལ་པའི་ནུས་པ་ཉིན་བཞིན་འཐུས་ཚང་དུ་འགྲོ་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་མཐུན་སྦྱོར་གོང་འཕེལ་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་མགྱོགས་སུ་བཏང་བ། སྨན་བཅོས་ལས་ཁུངས་9900ལྷག་ཙམ་ལ་ཞིང་ཆེན་སྒྲོལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་པ་བཅས་མངོན་འགྱུར་བྱུང་ཡོད། སྤྱིའི་ཆ་ནས་བལྟས་ན། འདས་ཟིན་པའི་ལོ་བཅུའི་ནང་། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་གྱི་གཙོ་གནད་དེ་དཔལ་འབྱོར་གྲུབ་ཆ་དང་བར་ཁམས་གྲུབ་ཆ་ལེགས་སྒྲིག་བྱས་ཡོད། མིག་སྔར། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་དེ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་པོས་སྐུལ་འདེད་གཏིང་ཟབ་གཏོང་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་27ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག འབྲེལ་ཡོད་ཚན་པས་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་གྱི་ལོ་བཅུའི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་གྱི་ལོ་བཅུའི་རིང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

འདི་ལོ་ནི་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད།འདི་ལོ་ནི་པེ་ཅིང་དང་ཐེན་ཅིན།